ལིག་ཉིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།
2019.10.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་དང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པར་མ་ཟད། དངོས་འབེབས་ལག་བསྟར་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་རྒྱལ་སྤྱིའི་གཞི་གྲངས་དཔལ་འབྱོར་དངོས་མང་འགྲེམ་ཚོགས་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་གཞི་གྲངས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་ཞིབ་འཇུག་དང་སྐུལ་འདེད་བཏང་། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གཞི་གྲངས་དཔལ་འབྱོར་ནི་དུས་བབ་གསར་པའི་འོག་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་རྒྱལ་སྤྱིའི་གཞི་གྲངས་དཔལ་འབྱོར་དངོས་མང་འགྲེམ་ཚོགས་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གིས། ང་ཚོས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁ་ཕྱོགས་སྔར་ལས་གསལ་སྟོན་གནང་བར་མ་ཟད། ཡིད་ཆེས་དང་ཆོད་སེམས་ཀྱང་སྔར་ལས་ཇེ་བརྟན་དུ་བཏང་། རང་རེའི་ཞིང་ཆེན་གྱིས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལེགས་ཆ་དང་གོ་སྐབས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་བསམ་བློ་སྔར་ལས་གཅིག་གྱུར་བྱེད་པ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཕན་པའི་སྣོད་བཅུད་ཁོར་ཡུག་ལེགས་པོ་ཞིག་འབད་པས་བཏོད་ དགོས། རང་རེའི་ཞིང་ཆེན་གྱིས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་ཤུགས་རྒྱག་ས་གནད་དུ་འཁེལ་བའི་སྒོ་ནས་འཚོལ་བ་དང་། གཞི་གྲངས་ལ་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་པ། གཞི་གྲངས་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་སྟེགས་གང་མགྱོགས་ཆགས་པར་བྱེད་དགོས། ཤེས་ལྡན་མི་སྣ་བཀོལ་སྤྱོད་ཡག་པོ་བྱས་ནས་སྒྲིལ་ཤུགས་ལ་བརྟེན་ཏེ། གཞི་གྲངས་ཐོན་ལས་ཅན་དང་ཐོན་ལས་གཞི་གྲངས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་ལས་ཙུང་ལི་ལིས་ཁི་ཆང་གིས་ཞིང་ཆེན་སྲིད་གཞུང་ཁག་ཅིག་གི་འགན་འཁུར་བ་གཙོ་བོ་རེ་ཟུང་གི་ དཔལ་འབྱོར་གནས་བབ་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དགོངས་པ་བརྒྱུད་བསྒྲགས་དང་དེར་སློབ་སྦྱོང་བྱས། གྲོས་ཚོགས་ལས་བླང་བྱ་བཏོན་དོན། ཙུང་ལི་ལིས་ཁི་ཆང་གི་གསུང་བཤད་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་གོ་བ་ནན་མོ་བླངས་ཏེ་ངོས་འཛིན་གཅིག་གྱུར་བྱེད་རྒྱུ་དང་གཙོ་གནད་མངོན་གསལ་ཅན་དུ་གཏོང་བ། སེམས་ཤུགས་སླར་ཡང་གཅིག་བསྡུས་བྱེད་པ། འགན་འཁྲི་སླར་ཡང་ནན་འཛིན་བྱེད་པ།  ཇུས་འགོད་སླར་ཡང་གནད་སྨིན་བཅས་ཡོང་བ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ། བརྟན་འཇགས་དང་འཕར་སྣོན་འབྱུང་བར་བྱེད་རྒྱུ་དེ་ མངོན་གསལ་དོད་པའི་གནས་བབ་ཀྱི་ཐོག་ཏུ་འཇོག་པ་དང་། དགུན་དུས་ཀྱི་མཁྲེགས་གཏོར་ལས་དོན་མཐའ་གཅིག་ཏུ་སྤེལ་བ་བརྒྱུད། དཔལ་འབྱོར་རྒྱུན་ལྡན་ངང་འཁོར་རྒྱུག་འབྱུང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

གྲོས་ཚོགས་ལས་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཆིན་ཀོང་རུང་གི་སྒྲིག་འགལ་ཁྲིམས་འགལ་གནད་དོན་ཚབས་ཆེན་དང་དེ་ལས་བྱུང་བའི་བསླབ་གཅུན་ཉེན་གཏོང་མངོན་བསྒྲགས་ཞེས་པ་བརྒྱུད་སྒྲོག་སློབ་སྦྱོང་བྱས།

ཝང་ལིས་མེན། དབྱང་ཧྥིན་ཁྲོན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ། ཀྲང་ཧོང་ཡོན་བཅས་ཚོགས་འདུར་ཞུགས། ཁོང་ཡུང་ཟུར་ཞུགས་བྱས།