ཞི་ཅིན་ཕིང་གིས་སོ་སོར་མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དམག་དཔུང་གི་ཏང་གི་འཐུས་མིའི་ཚོགས་འདུ་ཐེངས་དང་པོའི་འཐུས་མི་དང་ཧུའུ་པེ་རུ་སྡོད་པའི་དམག་དཔུང་གི་ཧྲི་དཔོན་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་མདའ་ཤོག་རིམ་པའི་སྡེ་ཁག་གི་དཔོན་པོ་གཙོ་བོ་བཅས་ལ་མཇལ་འཕྲད་གནང་།
2019.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36


ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ཧན་ནས་སོ་སོར་མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དམག་དཔུང་གི་ཏང་གི་འཐུས་མིའི་ཚོགས་འདུ་ཐེངས་དང་པོའི་འཐུས་མི་ཡོངས་དང་། ཧུའུ་པེ་རུ་སྡོད་པའི་དམག་དཔུང་གི་ཧྲི་དཔོན་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ། མདའ་ཤོག་རིམ་པའི་སྡེ་ཁག་གི་དཔོན་པོ་གཙོ་བོ་བཅས་ལ་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅོ་བརྒྱད་ཉིན་ཝུའུ་ཧན་ནས་སོ་སོར་མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དམག་དཔུང་གི་ཏང་གི་འཐུས་མིའི་ཚོགས་འདུ་ཐེངས་དང་པོའི་འཐུས་མི་ཡོངས་དང་། ཧུའུ་པེ་རུ་སྡོད་པའི་དམག་དཔུང་གི་ཧྲི་དཔོན་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ། མདའ་ཤོག་རིམ་པའི་སྡེ་ཁག་གི་དཔོན་པོ་གཙོ་བོ་བཅས་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དམག་དཔུང་གི་ཏང་གི་འཐུས་མིའི་ཚོགས་འདུ་ཐེངས་དང་པོའི་འཐུས་མི་དང་ལག་འཇུ་བྱས་པ་དང་། ཏང་ཀྲུང་དབྱང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས། མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དམག་དཔུང་གི་ཏང་གི་འཐུས་མིའི་ཚོགས་འདུ་ཐེངས་དང་པོ་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། འཐུས་མི་དང་མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དམག་དཔུང་གི་དཔོན་དམག་ཡོངས་ལ་འཚམས་འདྲི་བྱས།

མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དམག་དཔུང་གི་ཏང་གི་འཐུས་མིའི་ཚོགས་འདུ་ཐེངས་དང་པོ་ཚེས་བཅུ་དྲུག་ཉིན་ཝུའུ་ཧན་ནས་ཚོགས། ཚོགས་འདུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཞི་ཅིན་ཕིང་གི་དམག་དར་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ལ། དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་པ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དམག་དཔུང་ལ་བསླབ་བའི་གཏམ་གྱི་རེ་བ་དོན་འཁྱོལ་ནན་མོ་བྱས་པ་དང་།  མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དམག་དཔུང་བཙུགས་པའི་ཚུན་གྱི་འཛུགས་སྐྲུན་གནས་ཚུལ་ལ་སྤྱི་སྡོམ་བྱས་ལ། རྗེས་ཕྱོགས་ཀྱི་ལོ་ལྔའི་བྱ་བའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ཤིང་། རྒྱ་ཆེའི་དཔོན་དམག་ཚོས་སྟོབས་དང་ལྡན་པའི་དེང་རབས་ཅན་གྱི་མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དམག་དཔུང་ཞིག་འཛུགས་སྐྲུན་བྱེད་པ་དང་ཏང་དང་མི་དམངས་ཀྱི་བསྩལ་པའི་དུས་རབས་གསར་བའི་འགན་འཁྲི་ལས་འགན་མཐའ་གཅིག་ཏུ་ཡོངས་འགྲུབ་བྱེད་རྒྱུའི་སྐུལ་མ་བཏང་།

ཉིན་དེར། ཞི་ཅིན་ཕིང་གིས་ད་དུང་ཧུའུ་པེ་རུ་སྡོད་པའི་དམག་དཔུང་གི་ཧྲི་དཔོན་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་མདའ་ཤོག་རིམ་པའི་སྡེ་ཁག་གི་དཔོན་པོ་གཙོ་བོར་མཇལ་འཕྲད་གནང་།

ཞུའུ་ཆི་ལེང་མཇལ་འཕྲད་ལ་ཞུགས།