ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2019.10.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བཅུ་བའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་ཏེ། མཚོ་སྔོན་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་ལས་གཞན། མིག་སྔའི་དཔལ་འབྱོར་གནས་སྟངས་ལ་དབྱེ་ཞིབ་དང་འབྲེལ་ཡོད་ཡིག་ཆར་གྲོས་མོལ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གིས་དབུལ་ཐར་མཁྲེགས་གཏོར་ཐད་གནང་བའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལ་བསམ་བློའི་རང་བཞིན་དང་མཛུབ་སྟོན་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་པས། དེ་ནི་དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་ཡག་པོ་བསྒྲུབ་པར་མཁོ་བའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན།  ངོས་ཟིན་སླར་ཡང་མཐོ་རུ་བཏང་ནས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ནི“གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་འབུལ་བའི”གསལ་བསྒྲགས་ཤིག་དང་། “དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་མཇུག་བསྡུའི་འགག་རྩའི་དུས་མཚམས་སུ་སླེབས་པའི”དྲན་སྐུལ་ཞིག དེ་མིན་ད་དུང་“དམིགས་འབེན་ལ་དམ་པོར་དམིགས་པ་དང་ངར་ཤུགས་གཅིག་ཏུ་སྒྲིམ་པ།”“སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་རྒྱལ་ཁ་ལེན་རྒྱུར་འགན་ལེན་བྱེད་པ”བཅས་ཀྱི་མངོན་བསྒྲགས་ཤིག་ཀྱང་ཡིན། ལས་ཀའི་ཐད་ནས་སླར་ཡང་དཀའ་ངལ་ཁྱད་དུ་བསད་དེ་ཁྱིམ་ཚང་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་མཁྲེགས་གཏོར་གྱི་ལས་རིམ་ཞན་སར་དམིགས་ཏེ་ཆེད་ལས་ལས་རིགས་ཀྱི་ངོས་ནས་རང་བཤེར་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་མཇུག་བསྡུ་བའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། རྩ་འཛུགས་ཀྱི་ཐོག་ནས་སླར་ཡང་སྐུལ་སློང་བྱས་ཏེ་ཧྲུའུ་ཅི་དང་པོ་དང་སྡེ་བའི་ནང་གི་བཅའ་སྡོད་ལས་བྱེད་པའི་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱས་ནས། དཔེ་མཚོན་འདེམས་འཛུགས་དང་གྲུབ་འབྲས་སྲ་བརྟན། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་ལོ་མཇུག་ཏུ“མེད་པ་གཙང་སེལ་”གྱི་དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་བློ་མཐུན་ཁྲིན་ཞི་མཚོ་སྔོན་དུ་ཡོང་ནས། མཚོ་སྔོན་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོ་སྤེལ་ཚུལ་ལ་རྟོག་ཞིབ་གནང་བ་དེའི་ཐོག་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་ལས་དོན་ལ་ཚད་མཐོ་བའི་མཐོང་ཆེན་གནང་བ་དང་ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་མཚོ་སྔོན་གྱི་བརྗོད་དོན་སློབ་གསོར་ཚད་མཐོ་བའི་དོ་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། བློ་མཐུན་ཁྲིན་ཞི་ཡིས་བཏོན་པའི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་དང་བརྗོད་དོན་སློབ་གསོ་སྤེལ་ཐེངས་དང་པོ་གཉིས་གཞི་གཅིག་ཏུ་སྦྲེལ་རྒྱུ་དང་སྔ་ཕྱི་འབྲེལ་མཐུད་ཐུབ་པར་བྱེད་པ། སྐུལ་འདེད་གཏོང་སྤེལ་ཐུབ་པ་བཅས་བྱེད་དགོས། ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཁག་མངོན་འགྱུར་བྱ་རྒྱུར་དམིགས་བཙུགས་ཏེ། བརྗོད་དོན་སློབ་གསོར་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་སྙིང་སྟོབས་འཕེལ་བར་སྐུལ་སློང་བྱེད་དགོས་ཟེར།