ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ལྟེ་གནས་ཚན་ཁག་གིས་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོང་ཁྱེར་དང་མཁར་གྲོང་ཆུང་ངུའི་བཅོས་སྒྱུར་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཧྲིན་ཁྲི་གདན་དྲངས་ནས། མཁར་གྲོང་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ ཆུ་ཚད་མཐོ་བའི་མཐོ་སྒང་གི་མཛེས་པའི་གྲོང་ཁྱེར་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པ་ཞེས་པ་བརྗོད་གཞིར་བཟུང་ནས་ཆེད་དོན་འཆད་ཁྲིད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་ཚོགས་འདུར་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་དབྱང་ཧྥིན་ཁྲོན། ཝང་ཀྲིན་ཧྲིན། ཀྲང་ལིས། ལིག་ཐའོ་བཅས་ཚོགས་འདུར་ཞུགས།
ཐེངས་འདིའི་འཆད་ཁྲིད་ཀྱིས་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་དུས་རབས་རྒྱབ་ལྗོངས་དང་དམིགས་འབེན་བླང་བྱ། མཚོ་སྔོན་གྱིས་རྣམ་པ་གསར་བའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན། མཐོ་སྒང་གི་མཛེས་པའི་གྲོང་ཁྱེར་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པར་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐོ་སྒང་གི་མཛེས་པའི་གྲོང་ཁྱེར་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལག་ལེན་འཆར་གཞི་སོགས་ཕྱོགས་བཞི་དཀྱིལ་སྙིང་དུ་བཟུང་ནས། གཞུང་ལུགས་ཀྱི་མཐོ་ཚད་དང་ལག་ལེན་གྱི་ཟབ་ཚད་ལ་གཞི་བཅོལ་ཏེ། མཚོ་སྔོན་གྱི་རྣམ་པ་གསར་བའི་མཁར་གྲོང་ཅན་དང་མཐོ་སྒང་གི་མཛེས་པའི་ཞིང་ཆེན་བསྐྲུན་པར་སྐུལ་འདེད་གཏོང་བའི་སྐོར་ནས་བསམ་འཆར་དང་ཐབས་ལམ་མང་པོ་བསྟན།