འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་ཝུའུ་ཧན་ནས་གཟབ་རྒྱས་ངང་བསྡུས།
2019.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན། འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ཧུའུ་པེ་ཝུའུ་ཧན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ལུས་རྩལ་འགྲན་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་ཧུའུ་པེ་ཝུའུ་ཧན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ལུས་རྩལ་འགྲན་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་ནི་རང་རྒྱལ་གྱི་ཐེངས་དང་པོར་བསྒྲུབས་པའི་ཕྱོགས་བསྡུས་རང་བཞིན་གྱི་དམག་དོན་ལུས་རྩལ་འགྲན་ཚོགས་ཡིན་ལ། པེ་ཅིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་རྗེས་སུ་རང་རྒྱལ་གྱིས་བསྡུས་པའི་གཞི་ཁྱོན་ཆེས་ཆེ་བའི་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་ཀྱང་ཡིན། རྒྱལ་ཁབ་བརྒྱ་དང་དགུ་ནས་ཡོང་བའི་དམག་མིའི་ལུས་རྩལ་པ་སྟོང་དགུ་དང་སུམ་བརྒྱས་ཝུའུ་ཧན་ནས་མཉམ་དུ་རྩལ་འགྲན་བྱས་པ་དང་མཛའ་བརྩེ་ཇེ་དམ་དུ་བཏང་། ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་སྟེང་། ཞི་ཅིན་ཕིང་དང་རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཕིས་ཆི་ལིས་ལུའོ་སོགས་ལྟད་མོ་བ་ཁྲི་དྲུག་ཙམ་ཤོང་བའི་ཝུའུ་ཧན་ལུས་རྩལ་ལྟེ་གནས་ལུས་རྩལ་ཚོགས་རར་ཕེབས་པ་དང་། ཚོགས་ར་ཡོངས་སུ་ཐལ་མོ་ལྡེབ་སྒྲའི་ཁེངས་ལ། འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་འགོ་རྩོམ་མཛད་སྒོ་དངོས་སུ་འགོ་བརྩམས།

འགྲན་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་འཐུས་ཚབ་ཚོགས་པ་རིམ་པ་བཞིན་ཚོགས་རར་ཞུགས་པ་དང་། རྒྱལ་ཁབ་རེ་རེའི་རྒྱལ་དར་ཀྲུའུ་ཞིའི་སྟེགས་བུའི་མདུན་བརྒྱུད་སྐབས། ཡུལ་དངོས་ཀྱི་ལྟད་མོ་བས་ཐལ་མོ་རྡེབ་ནས། རྒྱང་རིང་ནས་ཡོང་བའི་ལུས་རྩལ་པར་དགའ་བསུ་བྱས། བདག་མགྲོན་རྒྱལ་ཁབ་ཀྲུང་གོའི་འཐུས་ཚོགས་ཆེས་མཐའ་མཇུག་ཚོགས་རར་ཞུགས་ལ། ལུས་རྩལ་པ་དམག་མི་ཚོས་སྐར་ལྔའི་དར་དམར་མཐོན་པོར་བསྒྲེང་ནས་ཀྲུའུ་ཞིའི་སྟེགས་བུ་མདུན་བརྒྱུད་སྐབས། ཞི་ཅིན་ཕིང་ཡར་ལངས་ནས་ལག་པ་གཡུག་ནས་འཚམས་ཞུ་བྱས། ཀྲུང་གོའི་འཐུས་ཚབ་ཚོགས་པར་བསྡོམས་པའི་མི་ལྔ་བརྒྱ་དང་ང་གསུམ་ཡོད་ལ། ཐེངས་འདིའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་མཁན་གྱི་ལུས་རྩལ་པ་ཆེས་མང་བའི་འཐུས་ཚབ་ཚོགས་པ་རེད།

འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་གིས་ཤིས་ཚིག་ཕུལ་ནས། རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཚབ་བྱས་ཏེ་རྒྱལ་ཁབ་སོ་སོ་ནས་ཡོང་བའི་ལུས་རྩལ་པ་དང་རྩལ་ཁྲིད་པ། སྐུ་མགྲོན་བཅས་ལ་དགའ་བསུ་ཞུས།

རྒྱལ་སྤྱིའི་དམག་དོན་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཕིས་ཆི་ལིས་ལུའོ་ཡིས་ཤིས་ཚིག་ཕུལ་ནས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་དམག་དཔུང་། ཧུའུ་པེ་ཞིང་ཆེན། ཝུའུ་ཧན་གྲོང་ཁྱེར་བཅས་ཀྱིས་སྐབས་འདིའི་དམག་མིའི་ལུས་རྩལ་འགྲན་ཚོགས་ཐད་གྲ་སྒྲིག་བཟང་བོ་བྱས་པར་བཀའ་དྲིན་ཞུས་པ་དང་། ལུས་རྩལ་པ་དག་གིས་གྲུབ་འབྲས་བཟང་བོ་ལེན་པའི་སྨོན་འདུན་ཞུས།

རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧི་ཡིས་བརྙན་རིས་བརྒྱུད་དེ་ཤིས་ཚིག་འབུལ་སྐབས་བསྟན་དོན། སྐབས་འདིའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་དུས་ལ་འཁེལ་བ་དང་། གོ་སྐབས་འདི་བརྒྱུད་དེ་ཀྲུང་གོ་མི་དམངས་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་དང་། ལུས་རྩལ་འགྲན་ཚོགས་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུས་པ་ཡིན་ཟེར།

རྒྱལ་སྤྱིའི་དམག་མིའི་ལུས་རྩལ་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་དར་སྔོན་དུ། ཀྲུང་གོའི་བུད་མེད་ལག་རྩེད་སྤོ་ལོའི་ལུས་རྩལ་པ་ཡོན་ཞིན་ཡུའེ་དང་རྒྱལ་སྤྱིའི་རིམ་པའི་ལྒང་ལིའི་ཤན་འབྱེད་པ་ཝུན་ཁི་མེན་གཉིས་ཀྱིས་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་ལུས་རྩལ་པ་དང་ཤན་འབྱེད་པའི་ཚབ་བྱས་ནས་དམ་བཅའ་བཞག

དགོང་མོའི་དུས་ཚོད་དགུའི་སྟེང་ཞི་ཅིན་ཕིང་གིས་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་དངོས་སུ་འགོ་བརྩམས་ཞེས་ཁྱབ་བསྒྲགས་བྱས་པ་དང་། ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲ་དང་དགའ་སྤྲོའི་དགོད་སྒྲའི་ཁེངས།

ཡུལ་དངོས་ནས་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་དྲིལ་སྒྲོག་གློག་བརྙན་བཏང་སྟེ། སྐབས་རིམ་པའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱས་པ་དང་། ཀྲུང་གོའི་དམག་དཔུང་འཛམ་གླིང་དམག་མིའི་ལུས་རྩལ་ལ་ཞུགས་པའི་ལོ་རྒྱུས་ངོ་སྤྲོད་བྱས།

དེའི་རྗེས། འགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དངོས་སུ་འགོ་བརྩམས། རིག་རྩལ་འཁྲབ་སྟོན་དེ་ལེའུ་གོང་འོག་གཉིས་སུ་བགོས་ནས། ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་བརྒྱུད་དེ། ཀྲུང་གོའི་གནའ་བོའི་དམག་དོན་རིག་གནས་དང་དེས་མིའི་རིགས་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་བཞག་པའི་བྱས་རྗེས་གལ་ཆེན་འགྲེམ་སྟོན་བྱས་པ་དང་། མ་འོངས་བར་རྒྱང་ལྟ་བྱེད་པ་བརྒྱུད་དེ། མི་དམངས་དམག་དཔུང་གི་དམག་དར་དམག་སྤེལ་གྱི་རྣམ་པ་གསར་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ལམ་བུ་བསྐྱོད་པའི་སྣང་ཚུལ་འགྲེམ་སྟོན་བྱས་པ་དང་། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་གྱི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཡིད་རྟོན་བརྟན་པོ་བརྒྱུད་སྒྲོག་བྱས།

དགོང་མོའི་དུས་ཚོད་བཅུའི་སྟེང་། དཔལ་འབར་བརྒྱུད་སྤྲོད་དང་དཔལ་འབར་གཙོ་བོ་སྒྲོན་པའི་མཛད་སྒོ་འགོ་བརྩམས། ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྟེང་བྱ་དགའ་ཐེངས་ཐོབ་མྱོང་བ་དང་འཛམ་གླིང་ཕིང་ཕང་སྤོ་ལོ་འགྲན་ཚོགས་སྟེང་བྱ་དགའ་ཨང་དང་པོ་ཐོབ་མྱོང་བའི་ཝང་ཧའོ་སོགས་དཔལ་འབར་བརྒྱུད་སྤྲོད་པ་བདུན་གྱིས་དཔལ་འབར་མཐོན་པོར་བསྒྲེང་ནས་ཤུགས་མཐུད་བརྒྱུད་སྒྲོག་བྱས་པ་དང་། ཆེས་མཐའ་མཇུག་གི་བརྒྱུད་སྤྲོད་པ་ལིག་ཡུས་ཏུང་གི་དཔལ་འབར་སྒྲོན།

བརྗོད་དོན་གླུ་དབྱངས་ཞི་བདེའི་མེ་ཕུང་ཞེས་པའི་སྙན་འཇེབས་འགྱུར་ཁུག་ཁྲོད་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་མཛད་སྒོ་མཇུག་བསྒྲིལ།

རྒྱལ་ཁབ་ཞེ་གཉིས་ནས་ཡོང་བའི་འགོག་སྲུང་སྡེ་ཁག་དང་དམག་དཔུང་གི་འགོ་ཁྲིད་མི་སྣ་གདན་ཞུ་བྱས་པ་ལྟར་འགོ་རྩོམ་མཛད་སྒོར་ཞུགས།

འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུང་ཁྲུན་ལན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཏིང་ཞུའེ་ཞང་གཉིས་འགོ་རྩོམ་མཛད་སྒོར་ཞུགས།