མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཟི་ལིང་གྲོང་ཁྱེར་གྱི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་ཁྲོད་ཞུགས་པ་དང་དེར་རྒྱབ་སྐྱོར་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།
2019.10.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་ཡོངས་དཔལ་འབྱོར་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་པ་དང་དེར་རྒྱབ་སྐྱོར་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་པ་དང་དེར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་བརྡ་སྦྱོར་བརྒྱད་སྒྲོག་བྱས་པ་དང་། བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། བསམ་བློའི་ངོས་ཟིན་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། གོང་རིམ་གྱི་འོག་རིམ་གྱི་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ། ཟི་ལིང་གྲོང་ཁྱེར་གྱི་རྒྱལ་ཡོངས་དཔལ་ཡོན་འཛུགས་སྐྲུན་བྱ་བའི་ཁྲོད་ཞུགས་པ་དང་དེར་རྒྱབ་སྐྱོར་བྱས་ནས། དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས། རང་ལས་ཁུངས་ཀྱིས་ཕུགས་འདུན་ཡིད་རྟོན་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོད་ཤིང་རིན་ཐང་ལྟ་བ་འཛུགས་སྐྲུན་བྱེད་པ། དཔལ་ཡོན་ཀུན་སྤྱོད་དར་སྲོལ་སྐྱེད་སྲིང་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པར་སྐུལ་སློང་མཛུབ་སྟོན་བྱེད་པ། ལས་རིགས་སྤུས་ལེགས་ཞབས་ཞུ་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ། དང་བླངས་ཞབས་ཞུ་འགུལ་སྐྱོད་ཁྲོད་ཞུགས་པ། སྣང་བརྙན་བཟང་བོ་བསྐྲུན་པ། དྲིལ་སྒྲོག་སློབ་གསོ་དང་སྣེ་ཁྲིད་བྱ་བ་བཟང་བོར་སྤེལ་ནས། རྒྱ་ཆེའི་ལས་བྱེད་པ་ཚོས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་ལ་རྒྱུས་ལོན་བཟང་བོ་བྱེད་དུ་འཇུག་པ་དང་། དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་པ། དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་འདེད་གཏོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།