ཝང་ཅན་ཅུན་གྱིས་ཧུའུ་ཀྲུའུ་རྫོང་གི་བྱ་བར་རྟོག་ཞིབ་བྱས།
2019.10.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་སའི་སྦྲེལ་གནས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས། ས་གནས་དེ་གའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། བློ་མཐུན་ཁྲིན་ཞུས་ཀྱིས་མཚོ་སྔོན་གྱི་བརྗོད་དོན་སློབ་གསོའི་བྱ་བར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། མི་དམངས་ཀྱི་ལངས་ཕྱོགས་ལ་བརྟན་སྲུང་བྱེད་པ། དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་། དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བ། དམངས་ཀྱི་དོན་དུ་འགན་གཙང་ལེན་བཅས་བྱས་ཏེ། མང་ཚོགས་རང་ངོས་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་དཔྱད་འཇོག་བྱེད་དུ་འཇུག་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བ་དང་དཀའ་གནད་ཐག་གཅོད་བྱེད་རྒྱུ་བརྗོད་དོན་སློབ་གསོའི་ལས་དོན་གྱི་རྐང་འཛུགས་སར་བརྩིས་ཏེ། བརྗོད་དོན་སློབ་གསོ་དང་མང་ཚོགས་ཀྱི་དགོས་མཁོ་གཞི་གཅིག་ཏུ་སྦྲེལ་ནས། དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བའི་ཞན་ཆ་དང་ཧེ་བག་འཚོལ་བར་ཞིབ་བཤེར་བྱས་ཏེ་དངོས་འབེབས་དོན་འཁྱོལ་གཙང་ལེན་བྱས་པ་བརྒྱུད། མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་ཡོང་བར་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོས་མང་ཚོགས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་དང་། ནག་འཇོམས་ངན་སེལ་ལ་བརྟེན་ནས་མི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས། མང་ཚོགས་ཀྱིས་སྤྱི་བདེ་ལ་ལྟ་བ་དང་བདེ་འཇགས་ནི་བདེ་ཐང་ལ་ལྟ་དང་འདྲ་བས། མང་ཚོགས་ཀྱི་བདེ་འཇགས་ནི་སྤྱི་བདེའི་འགན་འཁྲི་ཡིན། འགན་འཁྲི་གསར་པ་ལག་ལེན་བསྟར་བ་དང་ལྷག་བསམ་རྣམ་དག་གི་སྒོ་ནས་དུས་བདེ་སྲུང་བྱ་བར་འགན་ལེན་བྱེད་པ། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་འཛུགས་པ། བརྗོད་དོན་སློབ་གསོ་དང་མིག་སྔའི་ལས་དོན་གཙོ་བོ་ཁག་ཟུང་འབྲེལ་དམ་ཟབ་བྱེད་པ། དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་ལ་དམ་པོར་དམིགས་པ། གཙོ་གནད་ས་ཁུལ་དང་གཙོ་གནད་ལས་རིགས། གཙོ་གནད་ཁྱབ་ཁོངས་བཅས་ལ་དམིགས་ནས་བརྗོད་དོན་སློབ་གསོའི་ཆེད་དོན་བཅོས་སྐྱོང་བྱེད་པ། བརྗོད་དོན་སློབ་གསོ་གཏིང་ཟབ་ས་ནས་ཟབ་སར་སྤེལ་ནས། དོན་དངོས་ཁྲོད་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་གསར་པ་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་དམིགས་ཏེ་སྤྱི་བདེའི་ལས་དོན་གསར་གཏོད་ལ་་མཐོང་ཆེན་བྱེད་པ་དང་སྤྱི་བདེའི་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་ཚད་སྔར་ལས་མགྱོགས་སུ་གཏོང་བ། རིག་ནུས་སྤྱི་བདེ་གཏོད་པ་བཅས་བྱས་ནས་དུས་རབས་གསར་པའི་སྤྱི་བདེའི་ལས་དོན་གྱི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཟེར།

རྟོག་ཞིབ་བྱེད་སྐབས་ཝང་ཅན་ཅུན་གྱིས་འབྲེལ་བ་ཡོད་པའི་ཏང་ཕྱིའི་འཐུས་མི་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གཟིམ་ཁང་ཚང་ལ་འཚམས་འདྲི་བྱས་ཏེ། གཟིམ་ཁང་ཚང་གིས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས།

ཡུས་ཚུང་ལི་ཡིས་རྟོག་ཞིབ་བྱེད་རོགས་བྱས།