མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཁུ་ནུའི་འཆད་སྟེགས་སྐབས་བཅོ་ལྔ་བ་བསྡུས།
2019.10.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་དང་མཚོ་སྔོན་ལས་བྱེད་པའི་དྲ་རྒྱ་སློབ་གླིང་གཉིས་ཀྱིས་འགན་ཁུར་ནས་སྒྲུབ་པའི2019ལོའི་ཁུ་ནུའི་འཆད་སྟེགས་སྐབས་བཅོ་ལྔ་བ་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་ནས་བསྡུས། མཚོ་སྔོན་ཞིང་ཆེན་སྐོར་ཁག་བཅུ་དགུ་པའི་རབ་འབྱམས་པའི་ཞབས་ཞུའི་ཚོགས་པའི་ཁོངས་མི་དང་ཟི་ལིང་གྲོང་ཁྱེར་གཞི་གྲངས་ཆེན་པོའི་ཞབས་ཞུ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཚའེ་ལིས་ཀྲི་ཡིས་ཁ་བྱང་ལ་མིས་བཟོས་རིག་སྟོབས་ཐོན་ལས་རིམ་སྤོར་ཞེས་པའི་འཆར་ཁྲིད་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས། ཟི་ལིང་གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་བཅས་བསྡོམས་པས་མི་ཉིས་བརྒྱ་དང་དྲུག་ཅུ་ལྷག་གིས་འཆད་ཁྲིད་ལ་ཉན།

ཐེངས་འདིའི་འཆད་ཁྲིད་ཀྱིས་སྤྲིན་རྩིས་དང་གཞི་གྲངས་ཆེན་མོ། མིའི་བཟོས་རིག་སྟོབས་བཅས་གསར་དར་ལག་རྩལ་ཆེན་པོ་གསུམ་ངོ་སྤྲོད་མདོར་བསྡུས་བྱས་ཏེ། གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་དང་འདེགས་སྐྱོར་བྱེད་པའི་ཐད་ནུས་པ་ཆེན་པོ་བཏོན། མིག་སྔའི་འཛམ་གླིང་གི་ལག་རྩལ་འཕེལ་རྒྱས་སུ་གཏོང་བར་རྐང་བཙུགས་ནས། མིས་བཟོས་རིག་སྟོབས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ད་ལྟའི་གནས་བབ་ཐད་ནས་འགྲེལ་བཤད་གསལ་བོ་བྱས་པ་དང་། མིག་སྔའི་ཟི་ལིང་གིས་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་གནས་པའི་གནད་དོན་དང་གོ་སྐབས་ཐད་ནས་དབྱེ་ཞིབ་བྱས་པར་མ་ཟད། འཛུགས་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ཐད་ཀྱི་བསམ་འཆར་བཏོན།