ལིས་ཀྲན་ཧྲུའུ་ཡིས་སེབ་རུ་སིའི་གྲོས་དཔོན་ཞི་ལུའུ་ལིས་སི་དང་གྲོས་མོལ་མཛད།
2019.11.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སེབ་རུ་སིའི་གྲོས་དཔོན་ཞི་ལུའུ་ལིས་སི་དང་གྲོས་མོལ་མཛད།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨ་ན་སི་ཐ་ཞི་ཡ་ཏིས་སི་རྣམ་གཉིས་ཀྱིས་མཉམ་དུ་འགོ་ཁྲིད་བྱས་འོག ཀྲུང་གོ་དང་སེབ་རུ་སི་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གྱུར་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་གྲུབ་འབྲས་མངོན་གསལ་ཐོབ་པར་མ་ཟད་ཀྲུང་གོ་དང་སེབ་རུ་སིའི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་། ཀྲུང་གོ་ཕྱོགས་ཀྱིས་སེབ་རུ་སི་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་གཙོ་ཐིག་ཏུ་བཟུང་སྟེ་གཉིས་ཕན་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། མི་གཞུང་བརྗེ་རེས་ཀྱི་སྟེགས་བུ་གསར་སྐྲུན་བཟང་བོ་བྱས་ནས། ཀྲུང་གོ་དང་སེབ་རུ་སིའི་མཛའ་མཐུན་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་སེབ་རུ་སིའི་གྲོས་ཁང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ཁྲིམས་འཛུགས་དང་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་བརྗེ་རེས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཐད་ལ་བཅའ་ཁྲིམས་ཀྱི་འགན་སྲུང་དང་རྒྱབ་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

ཞི་ལུའུ་ལིས་སི་ཡིས་བཤད་རྒྱུར། སེབ་རུ་སིའི་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་ཐུབ་པར་རེ་སྒུག་བྱས་ཡོད་ཟེར།