ཝང་ཡུས་ཡན་གྱིས་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དུ་རྟོག་ཞིབ་བྱས།
2019.11.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན།   མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།    རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དུ་སོང་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་བའི་སྡེ་ཁག་གི་འཕེལ་རིམ་གནས་ཚུལ་ལ་རྟོག་ཞིབ་བྱས།

རྟོག་ཞིབ་བྱེད་སྐབས།   ཝང་ཡུས་ཡན་སྔ་གཞུག་ཏུ་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་རྨང་གཞི་པུའུ་ཡི་ཏང་ཀྲི་པུའུ་དང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གི་སྒོ་བསྟེན་ཕྱོགས་བསྡུས་ཐོག་ཁང་གི་ཚོགས་ཁང་སོགས་སུ་སོང་ནས་དགེ་སློབ་ཏང་ཡོན་དང་སྨན་གསོ་མི་སྣ།  ཀྲི་པུའུ་ཧྲུའུ་ཅི་སོགས་དང་བརྩེ་བའི་བརྗེ་རེས་བྱས་པ་དང་།    གཞི་རིམ་ཏང་རྩ་འཛུགས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྒྱུན་ལོན་ཞིབ་མོ་བྱས་པར་མ་ཟད།   སྡེ་ཁག་སོ་སོས་རང་སྟེང་གི་དངོས་ཡོད་ལྟ་ཞིབ་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས།  ཁོ་མོས་བསྟན་དོན།   བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་མཇུག་མཐར་ཚད་གཞི་མཐོ་བའི་སྒོ་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱས་པ་དང་།  སྤུས་ཚད་མཐོ་བའི་སྒོ་ནས་དངོས་ཡོད་བྱ་བར་སྐུལ་འདེད་བཏང་བའི་ཁྲོད་དུ་མངོན་པར་བྱེད་དགོས་ཟེར།

ཁོ་མོས་ནན་གྱིས་བསྟན་དོན།      སྔར་ལས་གཅིག་བསྡུས་བྱེད་དགོས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་གཞི་རྩ་འདི་དམ་འཛིན་བྱེད་དགོས་པ་དང་།  དུས་ཐོག་ཏུ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་རྗེས་ཆོད་པར་བྱེད་དགོས་པར་མ་ཟད།    དེ་ལ་རྒྱུས་ལོན་ཡང་དག་བྱེད་པའི་སྟེང་ཤུགས་འདོན་དགོས།    ངོན་འཛིན་སྔར་ལས་ཡག་པོ་བྱེད་དགོས་ཏེ་བློ་མཐུན་ཁྲིན་ཞི་ཡིས་མཚོ་སྔོན་གྱི་བརྗོད་དོན་སློབ་གསོར་རྟོག་ཞིབ་བྱེད་པའི་སྐབས་ཀྱི་བླང་བྱ་སོ་སོ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་དང་།  རིགས་བགར་ཇུས་བསྟར་དང་གོང་འོག་མཉམ་སྒུལ་ལ་ཤུགས་བསྣན་ནས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས།  སྔར་ལས་ཕན་ནུས་ཐོབ་པར་བྱེད་དགོས་ཏེ་བརྗོད་དོན་སློབ་གསོ་དང་བྱ་བ་སོ་སོ་མཉམ་བསྲེས་ཟབ་མོ་བྱེད་པར་མཐོང་ཆེན་བྱས་ཏེ་ཀྲི་པུའུ་འཛུགས་སྐྲུན་དམ་འཛིན་དང་ཏང་ཡོན་དོ་དམ་ལ་ཤུགས་སྣོན་པ།   ཏང་འཛུགས་བྱ་བའི་དངོས་ཡོད་ཕན་ནུས་ལ་བརྟེན་ནས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གཏོང་དགོས་ཟེར།