ཝང་ཅན་ཅུན་རྨ་ལྷོ་ཁུལ་ཐུན་རིན་རྫོང་དང་གཅན་ཚ་རྫོང་དུ་སོང་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱས།
2019.11.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་དང་གཅན་ཚ་རྫོང་དུ་སོང་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱས། ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས། སློབ་སྦྱོང་ནན་མོ་བྱེད་པ་དང་དྲིལ་སྒྲོག་རྒྱ་ཆེར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་མཚོ་སྔོན་ནས་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ཐུན་རིན་རྫོང་ཆུ་ཁོག་ཞང་མདོ་བ་སྡེ་བ་རུ། ཝང་ཅན་ཅུན་གྱིས་རོང་འབྲོག་མང་ཚོགས་དང་རང་ཉིད་ཀྱི་སློབ་སྦྱོང་གི་མྱོང་ཚོར་བརྗེ་རེས་བྱས། ཁོས་བཤད་རྒྱུར། ང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བར་ཞུགས་པ་དང་། ཚང་འཛོམས་གྲོས་ཚོགས་སྟེང་གཙོ་བོར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་པ་དང་། རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་དང་གཞི་རྩའི་ལམ་ལུགས། ལམ་ལུགས་གལ་ཆེན་ནི་རྒྱལ་ཁབ་ལ་ཇི་ལྟར་དོ་དམ་བྱེད་པ་དང་རང་ཉིད་ལ་ཇི་ལྟར་དོ་དམ་བྱེད་རྒྱུ་ཡིན་པ་གཏན་ཁེལ་བྱས་ལ། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་། མང་ཚོགས་བཅོས་སྐྱོང་གི་ལམ་ལུགས་དང་སྒྲིག་ལམ་བཙུགས་པ་དང་། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་བཅས་གཅིག་གྱུར་བྱས་པ་མངོན་པར་བྱས་ཡོད། ཀྲུང་གོ་གསར་བ་དབུ་བརྙེས་པའི་ལོ་ངོ་བདུན་ཅུའི་རིང་གི་གྲུབ་འབྲས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་གལ་ཆེན་རང་བཞིན་ལ་ར་སྤྲོད་གང་ལེགས་བྱས། སློབ་སྦྱོང་ནན་མོ་བྱས་ནས། འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་། ཏང་ཡོན་གྱིས་སློབ་སྦྱོང་གཏིང་ཟབ་བྱེད་པ། མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སློབ་སྦྱོང་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་རྒྱུས་ལོན་གསལ་བོ་བྱེད་དགོས། དྲིལ་སྒྲོག་རྒྱ་ཆེར་སྤེལ་བ་དང་། ཁ་གཏད་དང་བརྗེ་རེས་རང་བཞིན་གྱི་སྒྲོག་འགྲེལ་བཟང་བོར་སྤེལ་ནས། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་གཅིག་ཀྱང་མི་ལུས་པར་བྱེད་དགོས། རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཁྲིམས་སྲོལ་ལྟར་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱིས་བདེ་སྐྱིད་བདེ་འཇགས་ཀྱི་འཚོ་བ་རོལ་ཐུབ་པར་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་པར་ཟུང་འབྲེལ་བྱས་ནས། ཝང་ཅན་ཅུན་གྱིས་ཐུན་རིན་རྫོང་རོང་བོ་དགོན་པའི་དགོན་སྡེ་དོ་དམ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་དང་། གཅན་ཚ་རྫོང་མར་ཁུ་ཐང་སྲིན་པོ་ལམ་གཞིས་ཁུལ་གྱི་གཞི་རིམ་བཅོས་སྐྱོང་དང་གཞིས་ཁུལ་ཞབས་ཞུ། ཁང་དབྱང་གྲོང་རྡལ་རྒྱ་སྐོར་སྡེ་བའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས། རོང་བོ་དགོན་པ་རུ། ཝང་ཅན་ཅུན་གྱིས་བསྟན་དོན། དགོན་སྡེ་ནི་སློབ་གསོའི་ལས་ཁུངས་ཡིན་པ་དང་། གྲྭ་བཙུན་ནི་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་ལ། ཏང་གི་སྲིད་ཇུས་ལ་སེམས་ཁུར་བྱེད་རྒྱུ་དེ་ཆོས་ལུགས་བསྟན་བཅོས་ལ་ཞིབ་འཇུག་བྱེད་པ་བཞིན་གལ་ཆེ། ཏང་དང་སྲིད་གཞུང་གི་བཀའ་ལ་ཉན་པ་དང་། ཏང་དང་སྲིད་གཞུང་གི་གྲོས་གཞི་ལ་བརྩི་བཀུར་བྱེད་པ། ཆོས་ལུགས་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་། ཏང་གི་སྲིད་ཇུས་དང་ཆོས་ལུགས་གནད་དོན་ཟུང་འབྲེལ་བྱེད་པ། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་བཏང་སྟེ། སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་མཐུན་པར་བྱེད་དགོས་ཟེར།