མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྐུལ་སྤེལ་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་ནས་ཚོགས།
2019.11.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 211

ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྐུལ་སྤེལ་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཐིན་ཅཱ་ཚའེ་དང་ཀྲང་ཞི་མེན། ཝང་ཡུས་ཡན། དབྱིན་པའེ། ཝང་ཀྲིན་ཧྲིན་བཅས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྐུལ་སྤེལ་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཐེངས་གྱ་གསུམ་དང་གྱ་བཞི་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་དང་ཉམས་མྱོང་སྤྱི་སྡོམ་བྱས་ལ། མིག་སྔར་གྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཕྱིར་ལྟའི་ཐད་ཀྱི་གྲོས་གཞི་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་བཀོད་སྒྲིག་བྱས་པ་མ་ཟད། བཅོས་སྐྱོང་དམིགས་འབེན་མངོན་འགྱུར་བྱེད་པར་དམ་དུ་དམིགས་ཏེ། ཆེད་དོན་འཐབ་རྩོད་ཀྱི་སྤྱིའི་རེ་བ་དང་ལས་འགན་གཙོ་བོ་བཏོན་ནས། སང་ལོའི་ཡུན་ཕན་རྒྱུན་བཅོས་མངོན་འགྱུར་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་པའི་ཚུན་དུ། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་མོ་བྱས་ལ། ནམ་ཡང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་པ་དང་། ཤུགས་ཡོད་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། གཅིག་བསྡུས་སྒོས་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ནག་ངན་སྟོབས་ཤུགས་དང་འབྲེལ་བའི་འབུར་ཐོན་གནད་དོན་སྐོར་ཞིག་ཐད་བཅད་པ་དང་། ཆེད་དོན་འཐབ་རྩོད་ཐད་ནས་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱས་པ་དང་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་དེ་གནད་འགག་དུས་སྐབས་སུ་སླེབས་པ་དང་བསྟུན་ནས། དུས་རིམ་རྗེས་མར་ད་ལོའི་བཅོས་སྐྱོང་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ཏེ། མཁྲེགས་གཏོར་ནུས་པ་མཐོར་འདེགས་གཏོང་རྒྱུ་དེ་རྐང་འཛུགས་ས་རུ་བྱེད་པ་དང་། ས་ཁུལ་དང་ལས་རིགས། ཁྱབ་ཁོངས་གཙོ་བོ་ཐོད་བརྒལ་བྱེད་པ་དང་། ནག་ངན་སྟོབས་ཤུགས་ཐད་ཀྱི་གྱོད་གཞི་ཆེན་པོ་དམ་འཛིན་བྱེད་པ། ནག་ངན་སྟོབས་ཤུགས་ཀྱི་དཔལ་འབྱོར་རྨང་གཞི་དམ་འཛིན་བྱས་ནས། ནག་འཇོམས་ངན་སེལ་གཏིང་ཟབ་བྱེད་པར་ཁག་ཐེག་བྱེད་པའི་ཞོར་དུ། སང་ལོའི་ཡུན་ཕན་རྒྱུན་བཅོས་ལ་རྐང་འཛུགས་པ་དང་། ཡུན་ཕན་རྐྱེན་སྲོལ་ལ་ཞིབ་འཇུག་དང་འཚོལ་ཞིབ་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། གཞི་རིམ་གྱི་རྨང་གཞི་འཛུགས་སྐྲུན་སྤེལ་བ། རང་སྟེང་གི་འཛུགས་སྐྲུན་ནན་མོར་སྤེལ་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཐད་བདེ་འཇགས་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་ཟེར།

ཚོགས་ཐོག་ནས། གནད་འགག་བྱ་བར་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཁུངས་སྣེ་ཞིབ་བཤེར་དང་གྱོད་གཞིའི་མཁྲེགས་གཏོར། གཞི་རིམ་རྩ་འཛུགས་འཛུགས་སྐྲུན། ལས་རིགས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་སོགས་གཙོ་གནད་ལ་དམིགས་ནས། བཅོས་སྐྱོང་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཞིང་ཆེན་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ། ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། འབྲིང་རིམ་མི་དམངས་ཁྲིམས་ཁང་གི་དཔོན་པོ། མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་། ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རྩ་འཛུགས་པུའུ་དང་དྲིལ་སྒྲོག་པུའུ་བཅས་ཀྱི་ཆེད་བསྐོས་འགན་ཁུར་བློ་མཐུན་སྐོར་ཞིག ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བཅས་གྲོས་ཚོགས་ལ་ཞུགས།