ཧན་ཀྲིན་གྱིས་མགོ་འཛིན་མཛད་དེ་ཧེ་ནན་གྱི་བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས།
2019.11.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཧེ་ནན་གྱི་བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་ཚེས་བརྒྱ་ཉིན་གྱི་ཕྱི་དྲོ་དང་ཚེས་དགུ་ཉིན་གྱི་སྔ་དྲོར་ཧེ་ཁུག་ནས་འགོ་འཛིན་མཛད་དེ་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་དང་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ནས། ཧེ་ནན་རང་དབང་ཉོ་འཚོང་གྲུ་ཁ་འཛུགས་སྐྲུན་གྱི་སྲིད་ཇུས་དང་ལམ་ལུགས་མ་ལག་ལ་ཞིབ་འཇུག་དང་གྲོས་སྡུར་བྱས་པ་དང་། དུས་རིམ་རྗེས་མའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་ཧེ་ནན་རང་དབང་ཉོ་འཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་དང་བཀོད་སྒྲིག སྐུལ་འདེད་བཅས་གནང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་་ཆེན་ཡིན་པས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བྱས་ཏེ། རང་རྟོགས་སྒོས་ཏང་དང་རྒྱལ་ཁབ་ཀྱི་ཆེ་ཕྱོགས་ནས་གནད་དོན་བསམ་པ་དང་དོན་དག་བསྒྲུབ་སྟེ། འཛམ་གླིང་གི་ཆུ་ཚད་ཆེས་མཐོ་བའི་སྒོ་འབྱེད་ཀྱི་རྣམ་པར་གཤིབ་སྡུར་གྱིས་སྲིད་ཇུས་དང་ལམ་ལུགས་མ་ལག་གི་ཐད་ནས་བརྒལ་གཏོར་གལ་ཆེན་མངོན་འགྱུར་བྱས་ཏེ། རང་རྒྱལ་གྱིས་ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ལེགས་པར་མཚོན་དགོས་ལ། ཧེ་ནན་ལ་བཅོས་སྒྱུར་གྱི་རང་བདག་དབང་ཆ་སྔར་ལས་ཆེན་པོ་བྱིན་ནས། སྒོ་འབྱེད་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་མྱུར་དུ་བཙུགས་ཏེ། ཕྱོགས་ཡོངས་ནས་སྒོ་འབྱེད་པའི་རྣམ་པ་གསར་པ་གྲུབ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཧན་ཀྲིན་གྱིས་བསྟན་དོན། ཧེ་ནན་རང་དབང་ཉོ་འཚོང་གྲུ་ཁའི་སྲིད་ཇུས་དང་ལམ་ལུགས་མ་ལག་གི་ཇུས་འགོད་ལ་ངེས་པར་དུ་ཉོ་འཚོང་རང་དབང་དང་དངུལ་གཏོང་རང་དབང་གཙོ་གནད་དུ་འཛིན་རྒྱུ་དེ་འབུར་དུ་ཐོན་པར་བྱེད་དགོས། འདྲ་མཉམ་འགྲན་རྩོད་ཀྱི་ལམ་ལུགས་བ་ཙུགས་ནས་ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ངོས་འཛིན་ཡང་དག་བྱེད་པ་དང་། ཧེ་ནན་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁྱད་སྟོབས་ལ་བརྟེན་ནས། དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དུ་བཏང་སྟེ། ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་དགོས། བྱེད་ནུས་མང་བའི་རང་དབང་ཉོ་འཚོང་རྩིས་ཐོའི་མ་ལག་འཛུགས་པ་དང་། ཧེ་ནན་གྱི་དངུལ་རྩ་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་རྨང་གཞིའི་སྟེགས་བུ་བསྐྲུན་ནས། ས་ཁོངས་བརྒལ་བའི་དངུལ་གཏོང་དངུལ་བསྡུ་སྟབས་བདེ་ཅན་དུ་གཏོང་དགོས། མི་སྣ་རང་དབང་གིས་འཁོར་རྒྱུག་བྱེད་དུ་འཇུག་པ་དང་། ཚད་མཐོའི་རང་དབང་སྒོ་འབྱེད་ཀྱི་སྐྱེལ་འདྲེན་སྲིད་ཇུས་ལག་བསྟར་བྱས་ཏེ། གཞི་གྲངས་ས་ཁོངས་བརྒལ་ནས་སྟབས་བདེའི་འཁོར་རྒྱུག་བྱེད་དུ་འཇུག་དགོས། རང་དབང་ཉོ་འཚོང་གྲུ་ཁའི་བཅའ་ཁྲིམས་རྨང་གཞི་ཡིན་པ་དང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཚོང་དོན་འགལ་བ་འདུམ་སྒྲིག་རྐྱེན་སྲོལ་གྲུབ་ཆ་གཙོ་བོ་ཡིན་པའི་རང་དབང་ཉོ་འཚོང་གྲུ་ཁའི་ཁྲིམས་སྐྱོང་མ་ལག་འཛུགས་དགོས། ཆུ་ཚད་མཐོ་བའི་རང་དབང་ཉོ་འཚོང་གྲུ་ཁ་དང་འཚམ་ཞིང་རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ལྡན་པའི་དམིགས་བསལ་གྱི་ཁྲལ་བསྡུའི་ལམ་ལུགས་འཛུགས་དགོས། སྟབས་བདེའི་ཞིབ་མཆན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དོན་དག་འབྱུང་སྐབས་དང་དོན་དག་བྱུང་རྗེས་ཀྱི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་བཏང་ནས། རྒྱལ་སྤྱི་དང་མཉམ་སྦྲེལ་གྱི་ལྟ་སྐུལ་དོ་དམ་ཚད་གཞི་དང་ཚད་ལྡན་ལམ་ལུགས་འཛུགས་དགོས། བྱ་བ་སྐུལ་སྤེལ་གྱི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཧེ་ནན་རང་དབང་ཉོ་འཚོང་གྲུ་ཁའི་འཛུགས་སྐྲུན་དེ་ནུས་པ་ལྡན་པ་དང་གོ་རིམ་ཡོད་པ། ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་སྤེལ་དགོས་ཟེར།

ཧུའུ་ཁྲུན་ཧྭ་དང་ཧི་ལིས་ཧྥེང་གཉིས་ཚོགས་འདུར་ཞུགས།