མགོན་པོ་བཀྲ་ཤིས་ཀྱིས་དམངས་གཙོ་ཏང་ཁག་གིས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བཞུགས་མོལ་ཚོགས་འདུའི་སྟེང་བྱེད་ཐབས་ཞིབ་མོར་གཏོང་བ་དངང་། དོན་འཁྱོལ་དམ་འཛིན། རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱས་ཏེ་དུས་རབས་གསར་པའི་མཚོ་སྔོན་གྱི་ཏང་མང་མཉམ་ལས་ལས་དོན་གྱི་རྣམ་པ་གསར་པ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
2019.11.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 57

ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། དམངས་གཙོ་ཏང་ཁག་སོ་སོས་ཀྲུང་གུང་ཀྲུང་དབྱང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་དང་། དམངས་གཙོ་ཏང་ཁག་གི་འཐུས་ཚབ་མི་སྣའི་དཔུང་སྡེ་འཛུགས་སྐྲུན་གྱི་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉེར་བདུན་ལོའི་བར་གྱི་འཆར་འགོད། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་གི་དུས་རབས་གསར་པའི་རྩ་འཛུགས་འཕེལ་རྒྱས་བྱ་བའི་བཞུགས་མོལ་ཚོགས་འདུའི་རྩ་གནད་བཅས་ཡིག་ཆ་གསུམ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་རིན་ལིག་ཐུང་ཏི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན་གཉིས་ཚོགས་འདུར་ཞུགས།

ཚང་མས་བལྟས་ན་ཡིག་ཆ་གསུམ་པོ་དེ་དག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་མང་མཉམ་ལས་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་ཡིན་ལ། རང་རྒྱལ་གྱི་རྣམ་པ་གསར་པའི་སྲིད་ཏང་ལམ་ལུགས་ཕན་ནུས་ཀྱི་ནང་གནས་དགོས་མཁོ་ལེགས་པར་འདོན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྲིད་ཞུགས་ཏང་འཛུགས་སྐྲུན་ལ་དངོས་སུ་ཤུགས་སྣོན་པའི་བླང་བྱ་ཡིན་ཞིང་། དེས་སྲིད་ཞུགས་ཏང་གི་འཛུགས་སྐྲུན་ལ་རྩ་དོན་དང་ཁ་ཕྱོགས་གཏན་ཁེལ་བྱས་པ་དང་། དམིགས་འབེན་དང་ལས་འགན་གསལ་སྟོན་བྱས་ཡོད་པས། དམངས་གཙོ་ཏང་ཁག་གིས་དུས་རབས་གསར་པ་རྣམ་པ་གསར་པ་མཚོན་པར་བྱས་ཏེ་བྱས་རྗེས་གསར་པ་འཇོག་པར་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་པར་འདོད།

མགོན་པོ་བཀྲ་ཤིས་ཀྱིས་དམངས་གཙོ་ཏང་ཁག་སོ་སོས་ཡིག་ཆ་གསུམ་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྲིད་ཞུགས་ཏང་འཛུགས་སྐྲུན་གྱི་དམིགས་འབེན་དང་སྤྱིའི་བཀོད་སྒྲིག་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། དམངས་གཙོ་ཏང་ཁག་གི་འཐུས་ཚབ་མི་སྣའི་དཔུང་སྡེ་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་དང་གོ་རིམ་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། དམངས་གཙོ་ཏང་རྩ་འཛུགས་ཀྱི་འཕེལ་རྒྱས་སྲིད་ཇུས་ལ་རྒྱུས་ལོན་ཡང་དག་བྱས་ཏེ། བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ་དང་། སྲིད་ཇུས་དོན་འཁྱོལ་བྱས་ནས། དུས་རབས་གསར་པའི་མཚོ་སྔོན་གྱི་ཏང་མང་མཉམ་ས་ལས་དོན་གྱི་རྣམ་པ་གསར་པ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།