ལིག་ཉིང་གིས་མཚོ་བྱང་ཁུལ་མིན་ཡོན་རྫོང་གི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས།
2019.11.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་སོང་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱས། ཁོས་ནན་གྱིས་བསྟན་དོན། ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ངོ་བོར་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། དོན་སྙིང་གཙོ་བོར་རྒྱུས་ལོན་ཡང་དག་བྱེད་པ། ལག་བསྟར་དམ་འཛིན་བྱེད་པ། ལམ་ལུགས་ཀྱི་དགེ་མཚན་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་བ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་ནས། འཕེལ་རྒྱས་སུ་གཏོང་བའི་ཐད་ནས་སྔར་ལས་སྟོབས་ཤུགས་ལྡན་པ་དང་བཅོས་སྐྱོང་ཐད་ནས་སྔར་ལས་ཆུ་ཚད་ལྡན་པ། དམངས་ཚིས་ཐད་ནས་སྔར་ལས་འགན་སྲུང་ཡོད་པར་བྱེད་དགོས་ཟེར།

ཏུང་ཁྲོན་གྲོང་རྡལ་སྲིད་གཞུང་དུ། ལིག་ཉིང་གིས་ཁུལ་དང་རྫོང་། ཞང་དང་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་འཐུས་མི། ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པའི་འཐུས་ཚབ་མི་སྣ་དང་བཞུགས་མོལ་བྱས་ཏེ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། དེའི་རྗེས། ལིག་ཉིང་གིས་ཀྲུང་གོ་གསར་བ་དབུ་བརྙེས་པའི་ལོ་ངོ་བདུན་ཅུའི་རིང་གི་མཚོ་སྔོན་གྱི་འགྱུར་ལྡོག་དང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་སོགས་ཕྱོགས་ནས། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཚུན་གྱི་ཏང་དང་རྒྱལ་ཁབ་ལས་དོན་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་ཐད་འགྲེལ་བཤད་བྱས། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་མྱོང་ཚོར་དངོས་དང་སློབ་སྦྱོང་གི་མྱོང་ཚོར་ལ་བརྟེན་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་སྤྱིའི་རེ་བ་དང་སྤྱིའི་དམིགས་འབེན་གསལ་བཤད་གཏིང་ཟབ་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱས་ཏེ། ལག་ལེན་གྱི་ཕྱོགས་ངོས་ནས་ཆོད་དོན་ནང་བཏོན་པའི་ལས་འགན་གཙོ་བོར་བསམ་གཞིགས་ཞིབ་མོ་བཏང་།

ལིག་ཉིང་གིས་བཤད་རྒྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་ངོས་འཛིན་གཏིང་ཟབ་བྱེད་རྒྱུ་ནི། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལས་འགན་གཙོ་བོ་དང་། དུས་རབས་གསར་བར་བཅོས་སྒྱུར་སྒོ་འབྱེད་མདུན་དུ་སྤེལ་བའི་རྩ་བའི་རེ་བ་ཡིན་ལ། ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་། རང་འགུལ་དང་རྒྱལ་ཁ་བརྩོན་ལེན་བྱེད་པའི་ཤུགས་ཡོད་འགན་སྲུང་ཡིན་པས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་དཔལ་འབྱོར་གཏན་འཇགས་ངང་འཕར་སྣོན་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པ། ནུས་པ་དང་བྱང་ཚད་མཐོར་འདེགས་གཏོང་བ་བཅས་དང་ཟུང་འབྲེལ་བྱེད་པ་དང་། བབ་བསྟུན་མདུན་སྐྱོད་ཀྱིས་ལམ་ལུགས་གསར་གཏོད་བྱེད་པ་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།