ཝང་ཆི་ཧྲན་ཁུང་ཙི་སྐུ་འཁྲུངས་ནས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་དང་རྒྱལ་སྤྱིའི་རུའུ་རིག་པའི་མཉམ་འབྲེལ་ཚོགས་པའི་ཚོགས་མིའི་ཚོགས་ཆེན་སྐབས་དྲུག་པ་མགོ་རྩོམ་པའི་མཛད་སྒོར་ཞུགས།
2019.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 59

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚེས་བཅུ་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁུང་ཙི་སྐུ་འཁྲུངས་ནས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་དང་རྒྱལ་སྤྱིའི་རུའུ་རིག་པའི་མཉམ་འབྲེལ་ཚོགས་པའི་ཚོགས་མིའི་ཚོགས་ཆེན་སྐབས་དྲུག་པ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚེས་བཅུ་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁུང་ཙི་སྐུ་འཁྲུངས་ནས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་དང་རྒྱལ་སྤྱིའི་རུའུ་རིག་པའི་མཉམ་འབྲེལ་ཚོགས་པའི་ཚོགས་མིའི་ཚོགས་ཆེན་སྐབས་དྲུག་པ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཝང་ཆི་ཧྲན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་སྲིད་གཞུང་གི་ཚབ་མཛད་དེ་ཚོགས་འདུ་ཚོགས་པར་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས། ཝང་ཆི་ཧྲན་གྱིས་བསྟན་དོན།   ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུའི་རིང་གི་འོད་སྟོང་འབར་བའི་གྲུབ་འབྲས་ནི་དེང་རབས་ཀྲུང་གོ་མི་དམངས་ཀྱི་དཀའ་སྤྱད་དང་རྔུལ་ཆུས་གྲུབ་པ་ཡིན་ལ། ཀྲུང་ཧྭའི་རིག་གནས་ཀྱི་བློ་གྲོས་དང་ཉིང་བཅུད་ཀྱང་འདུས་ཡོད། ཀྲུང་ཧྭའི་རིག་གནས་ཀྱིས་གུས་བཀུར་བྱེད་པའི་འབྱོར་བ་འབྲིང་ཙམ་དང་སྤྱི་སྙོམ་ཆེན་པོ། གནམ་འོག་སྤྱི་ལ་དབང་བ་བཅས་ནི་ད་ལྟ་ང་ཚོས་འབད་འཐབ་བྱེད་བཞིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་དང་དམ་དུ་འབྲེལ་ཡོད་ལ། ཀྲུང་ཧྭའི་རིག་གནས་ཀྱིས་གུས་བཀུར་བྱེད་པའི་དམངས་བཀུར་དང་དམངས་བདེ་སོགས་དམངས་གཞིའི་བསམ་བློ་ནི་ད་ལྟ་ང་ཚོས་རྒྱུན་འཁྱོངས་བྱེད་པའི་མི་དམངས་དཀྱིལ་སྙིང་དུ་འཛིན་པ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་གཅིག་ལ་གཅིག་འབྲེལ་ཏུ་ཡོད། ཀྲུང་ཧྭའི་རིག་གནས་ཀྱིས་གུས་བཀུར་བྱེད་པའི་བྱམས་བདེན་གུས་ཤེས་དད་ཅེས་ལྔ་ནི་ད་ལྟ་ང་ཚོས་དར་སྤེལ་བྱེད་པའི་རྒྱལ་ཁབ་ཀྱི་བརྩེ་བ་དང་འགན་འཁྲི་ཁག་ཁུར། ཐ་ན་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་བཅས་དང་མཉམ་དུ་འདྲེས་ཡོད། ཀྲུང་ཧྭའི་རིག་གནས་ཀྱིས་གུས་བཀུར་བྱེད་པའི་འགྲིག་ཀྱང་མི་མཚུངས་པ་དང་རྒྱལ་ཁམས་འཆམ་མཐུན་ཞེས་པ་དེ་ད་ལྟ་ང་ཚོས་རྒྱུན་འཁྱོངས་བྱེད་པའི་སྒོ་འབྱེད་མཉམ་ལས་དང་མིའི་རིགས་ཀྱི་ལས་དབང་གཞི་གཅིག་ཅན་འཛུགས་པའི་འདུ་ཤེས་དང་གཅིག་འདྲ་ཡིན་པས། ཀྲུང་ཧྭའི་རིག་གནས་ནི་ནམ་ཡིན་ཡང་ཀྲུང་ཧྭ་མི་རིགས་ཀྱི་ཉམས་པ་མེད་པའི་འབྱུང་ཁུངས་ཡིན་ཟེར།

ཝང་ཆི་ཧྲན་གྱིས་ནན་གྱིས་བསྟན་དོན། ཉིས་སྟོང་བཅུ་བཞི་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་རུའུ་རིག་པའི་མཉམ་འབྲེལ་ཚོགས་པའི་ཚོགས་མིའི་ཚོགས་ཆེན་སྐབས་ལྔ་པའི་སྟེང་གསུང་བཤད་གལ་ཆེན་གནང་ནས། རུའུ་རིག་པའི་རིག་གནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཡོད་ཚད་ཀྱི་བསམ་བློའི་ཉིང་བཅུད་དར་སྤེལ་བྱེད་པ་དང་། རིག་གནས་མི་འདྲ་བའི་བར་གྱི་སློབ་སྦྱོང་བརྗེ་རེས་ཐད་ཁ་ཕྱོགས་གསལ་བོ་བསྟན། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བའི་སྟེང་དུ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བསམ་བློའི་ཉིང་བཅུད་དར་སྤེལ་བྱས་ཏེ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཁྲོད་ནས་བློ་གྲོས་བསྡུ་ལེན་བྱེད་པ་དང་མཉམ་དུ། འཛམ་གླིང་སྟེང་གི་རིག་གནས་ཡོད་ཚད་ལ་བརྩི་བཀུར་བྱས་ཏེ། མིའི་རིགས་ཀྱི་རིག་གནས་གོང་འཕེལ་ཐད་རྒྱུན་ཆད་མེད་པར་བྱས་རྗེས་འཇོག་དགོས། བརྗེ་རེས་ལ་ཤུགས་སྣོན་པ་དང་ཕན་ཚུན་སློབ་སྦྱོང་བྱས་ཏེ། རིག་གནས་མི་འདྲ་བ་རྣམས་དུས་གཏན་དུ་འཛིན་སྐྱོང་བྱེད་དགོས། ཀྲུང་གོ་དང་འཛམ་གླིང་སྟེང་གི་དུས་རབས་མི་འདྲ་བ་དང་རིག་གནས་མི་འདྲ་བའི་བསམ་བློའི་ཉིང་བཅུད་ཧུར་ཐག་གིས་སྔོག་འདོན་བྱས་ཏེ། ཀྲུང་ཧྭའི་རིག་གནས་སྔར་ལས་དར་སྤེལ་བྱེད་པ་དང་། མིའི་རིགས་ཀྱི་རིག་གནས་སྔར་ལས་འོད་སྟོང་ལྡན་པར་བྱེད་དགོས་ཟེར།

ཚོགས་འདུའི་སྔོན་ལ། ཝང་ཆི་ཧྲན་གྱིས་ཚོགས་འདུ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་ཡོང་བའི་སྐུ་མགྲོན་གྱི་འཐུས་ཚབ་པ་དང་མཉམ་པར་བླངས་པར་མ་ཟད། བྱ་འགུལ་ལ་ཞུགས་པར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཧྥུའུ་ཐེན་ཁང་ཧྥུའུ་དང་། ཨེ་ཅིབ་ཀྱི་ཙུང་ལི་ཟུར་པ་ཧྲ་ལ་ཧྥུའུ་གཉིས་དང་སྟབས་བདེའི་གླེང་མོལ་མཛད།