མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་དང་པོའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་ཚོགས།
2019.11.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་དང་པོའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྐུལ་སྤེལ་གྲོས་ཚོགས་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭ་ནས་ཚོགས། ཚོགས་ཐོག་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་གི་བརྗོད་དོན་སློབ་གསོའི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། བློ་མཐུན་ཁྲིན་ཞི་ཡིས་མཚོ་སྔོན་ཞིང་ཆེན་དུ་བརྗོད་དོན་སློབ་གསོ་ལ་རྟོག་ཞིབ་བྱེད་སྐབས་གནང་བའི་གཏམ་བཤད་དགོངས་པ་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བདུན་པ་དང་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ལ། ས་ཁུལ་གསུམ་གྱི་བརྗོད་དོན་སློབ་གསོའི་ཉམས་མྱོང་དང་བྱེད་ཐབས་ལ་བརྗེ་རེས་སློབ་སྦྱོང་བྱས་པ་མ་ཟད། བསམ་འཆར་ལ་ཉན་པ་དང་གནད་དོན་ལ་དབྱེ་ཞིབ་བྱས་པ་དང་། མཉམ་དུ་བརྗོད་དོན་སློབ་གསོའི་གོ་རིམ་རྗེས་མའི་བྱ་བ་བཟང་བོར་བསྒྲུབ་དགོས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་དང་པོའི་ཚན་གཙོ་ཧྭན་ཡུའེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། གྲོང་ཁྱེར་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲའོ་ཧའེ་ཁྲིན་དང་། ཡུས་ཧྲུའུ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཡུས་ཧྲུའུ་ཁུལ་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲིའོ་ཞིའོ་ཕིན། ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། སྒྲིག་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཟི་ལིང་གྲོང་ཁྱེར་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་སུང་ཡུས་ཆིན་བཅས་ཀྱིས་སོ་སོར་ས་ཁུལ་གྱི་བརྗོད་དོན་སློབ་གསོ་སྤེལ་གནས་ཚུལ་ཐད་ཀྱི་སྙན་ཞུ་ཕུལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་དང་པོའི་ཁོངས་མི། ཟི་ལིང་གྲོང་ཁྱེར་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་། ཡུས་ཧྲུའུ་ཁུལ་ཏང་ཨུའི་བརྗོད་དོན་སློབ་གསོ་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གི་ཁོངས་མི་སྐོར་ཞིག ཟི་ལིང་གྲོང་ཁྱེར་དང་ཡུས་ཧྲུའུ་ཁུལ་གྱི་གྲོང་ཁྱེར་དང་རྫོང་། ཆུའུ་བཅས་ཀྱི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ཏུ། ཟི་ལིང་གྲོང་ཁྱེར་དང་ཡུས་ཧྲུའུ་ཁུལ། ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བཅས་ཀྱིས་སོ་སོར་རང་ས་ཁུལ་གྱི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ཕུལ། ཧོང་ཀྲུང་རྫོང་དང་མཁར་ནུབ་ཁུལ། ཡུས་ཧྲུའུ་གྲོང་ཁྱེར། ནང་ཆེན་རྫོང་། ཏུང་ཁྲོན་བཟོ་ལས་ར་བའི་ཁུལ་བཅས་ཀྱིས་སོ་སོར་བརྗེ་རེས་གཏམ་བཤད་བྱས། ཟི་ལིང་གྲོང་ཁྱེར་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་དང་པོ་དང་ལྔ་བ། ཡུས་ཧྲུའུ་ཁུལ་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བཞི་བ་དང་ལྔ་བ། ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བརྗོད་དོན་སློབ་གསོའི་མངག་གཏོང་མཛུབ་སྟོན་ཚན་ཆུང་གཉིས་པ་བཅས་ཀྱིས་སོ་སོར་བརྗོད་དོན་སློབ་གསོའི་མཛུབ་སྟོན་བྱ་བའི་ཐད་ཀྱི་ཉམས་མྱོང་ངོ་སྤྲོད་བྱས།

ཧན་ཡུའེ་ཡིས་བསྟན་དོན། སྐོར་ཐེངས་གཉིས་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཟི་ལིང་གྲོང་ཁྱེར་དང་ཡུས་ཧྲུའུ་ཁུལ། ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བཅས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་བཀོད་སྒྲིག་དང་རེ་བ་ལག་བསྟར་ནན་མོ་བྱས་པ་དང་། ཡིག་འབྲུ་བཅུ་གཉིས་ཀྱི་སྤྱིའི་རེ་བ་དང་སྐད་ཆ་ལྔའི་བྱེ་བྲག་གི་དམིགས་འབེན་ལ་དམ་དུ་དམིགས་ནས། ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་བཞི་མཉམ་བསྲེས་བྱས་པ་དང་། རིམ་པ་སོ་སོའི་གཙོ་གཞི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ལ། སློབ་གསོའི་སྣང་ཚུལ་སྟུག་པོ་གྲུབ་པར་བྱས་པ་དང་། བརྗོད་དོན་སློབ་གསོ་བརྟན་བརླིང་ངང་སྤེལ་ནས། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་བ་སྟེ། གཅིག་ནས་ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་། གཉིས་ནས་དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ལ། གསུམ་ནས་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་པ་དང་། བཞི་ནས་བྱེད་ཐབས་བཟང་བོ་སྤྱད་ལ། ལྔ་ནས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་ལྔ་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་བླངས་ཟེར།

ཧྭན་ཡུའེ་ཡིས་ནན་གྱིས་བསྟན་དོན། བློ་མཐུན་ཁྲིན་ཞི་ཡིས་མཚོ་སྔོན་གྱི་བརྗོད་དོན་སློབ་གསོར་རྟོག་ཞིབ་བྱེད་སྐབས་གནང་བའི་གཏམ་བཤད་ཀྱི་དགོངས་པ་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བདུན་པ་དང་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱུན་མཐུད་ངང་བརྗོད་དོན་སློབ་གསོ་སྤེལ་བ། བྱ་བ་སྣ་ཚོགས་ཀྱི་སྤུས་ཚད་ཇེ་མཐོ་རུ་གཏོང་བ་དང་ཕན་འབྲས་ཇེ་ཆེར་གཏོང་བར་ཁག་ཐེག་བྱེད་ཆེད། ཟི་ལིང་གྲོང་ཁྱེར་དང་ཡུས་ཧྲུའུ་གྲོང་ཁྱེར་། ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བཅས་ཀྱིས་གཅིག་ནས་གཞུང་ལུགས་སློབ་སྦྱོང་ཐད་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། གཉིས་ནས་ལྟ་ཞིབ་གནད་དོན་ལ་དམ་འཛིན་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་དགོས། གསུམ་ནས་གནད་དོན་ཐག་གཅོད་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་དགོས། བཞི་ནས་ལྟ་སྐུལ་མཛུབ་སྟོན་བྱ་བའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་དགོས། ལྔ་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་བཟང་བོ་ལེན་པའི་སྟེང་ཤུགས་འདོན་དགོས་ཟེར།