སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་པེ་ཅིན་ནས་པུའུ་དང་ཞིང་ཆེན་གྱི་མཐོ་སྒང་གི་ཆེས་མཛེས་པའི་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་མཉམ་འཛུགས་མཉམ་ལས་སྒྲོམ་གཞིར་གྲོས་མཐུན་བཀོད།
2019.11.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་པེ་ཅིན་ནས་པུའུ་དང་ཞིང་ཆེན་གྱི་མཐོ་སྒང་གི་ཆེས་མཛེས་པའི་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་མཉམ་འཛུགས་མཉམ་ལས་སྒྲོམ་གཞིར་གྲོས་མཐུན་བཀོད་པ་དང་། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ཝང་མེན་ཧོས་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཕྱོགས་གཉིས་ཀའི་ཚབ་བྱས་ནས་མཉམ་ལས་སྒྲོམ་གཞིར་གྲོས་མཐུན་བཀོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་གཞོན་པ་ཉིས་ཧུང་གིས་གྲོས་མཐུན་འགོད་པའི་མཛད་སྒོར་འགོ་འཛིན་བྱས།

ཝང་མེན་ཧོས་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། མི་དམངས་སྲོག་ཤིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བཅས་བྱས་ཡོད། མཐོ་སྒང་གི་ཆེས་མཛེས་པའི་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་ནི“མཛེས་པའི་ཀྲུང་གོའི”དམིགས་ཚད་ཆེན་པོའི་འོག་བཏོན་པའི་ཞིབ་འཇུག་བྱ་གཞི་གསར་པ་ཞིག་ཡིན་པས། དེས་སྡོད་ཁང་དང་མཁར་གྲོང་ འཛུགས་སྐྲུན་ལས་དོན་ལ་ཐབས་ལམ་གསར་པ་བཏོད་ཡོད། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས་མཚོ་སྔོན་ཞིང་ཆེན་དང་མཉམ་དུ་མཐོ་སྒང་གི་ཆེས་མཛེས་སྡུག་ལྡན་པའི་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པ་བརྒྱུད་དེ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཕེལ་རྒྱས་གཏོང་སྟངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་གྱི་དམིགས་ཚད་དང་། ནང་དོན། བྱ་ཐབས། གདེང་འཇོག་མ་ལག་བཅས་འཚོལ་ཞིབ་བྱེད་པ། མི་དང་མི་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས། མཚོ་སྔོན་གྱིས་མཐོ་སྒང་གི་ཆེས་མཛེས་པའི་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལས་དོན་ཡག་པོ་བསྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ། སྲིད་ཇུས་དང་མ་དངུལ། ལམ་སྲོལ། ལག་རྩལ། རིག་སྟོབས་སོགས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། མཚོ་སྔོན་འདི་ཉིད་མཐོ་སྒང་གི་ཆེས་མཛེས་པའི་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་དུ་བསྐྲུན་ནས་རྒྱལ་ཡོངས་ལ་དཔེ་སྟོན་བྱ་རྒྱུ་ཡིན་ཟེར།

ལིག་ཉིང་གིས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་རྒྱབ་སྐྱོར་ཤུགས་ཆེན་འོག་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་ཤོས་དང་འཕེལ་རྒྱས་ཀྱི་སྤུས་ཚད་ཡག་ཤོས་ཀྱི་དུས་སྐབས་སུ་སླེབས་ཤིང་། ཟི་ལིང་ལྟེ་བར་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ལན་ཀྲོའུ་དང་ནུབ་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་ཐེབས་པ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། ཕྱོགས་བསྡུས་ངང་འཕེལ་རྒྱས་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་དང་མི་སྡོད་ཁོར་ཡུག་མངོན་གསལ་ལེགས་བཅོས་བྱུང་བར་མ་ཟད། མཚོ་སྔོན་འདི་ཉིད་མཚོ་བོད་ས་མཐོར་གནས་པ་དང་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་མཐུན་རྐྱེན་ཕྱོགས་ཀུན་ནས་འཛོམས་ཡོད། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་ཐོག་བཏོན་པའི“མཛེས་པའི་ཀྲུང་གོའི”འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། པུའུ་དང་ཞིང་ཆེན་གྱིས་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་དཔེ་སྟོན་ཞིང་ཆེན་གོ་སྐབས་སུ་བྱས་ནས“ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་རྡལ”ཞིབ་འཇུག་གཏན་འབེབས་བྱས་ནས“གྲོང་ཁྱེར་གྱི་མྱོང་སྣང”དང“གྲོང་ཁྱེར་གྱི་ཉམས་གསོ”། “ཐུན་མོང་གི་ཉམས་གསོ”སོགས་ཀྱི་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས། ཞིང་ཆེན་ཡོངས་ཀྱིས་མཉམ་སྤྱོད་བྱས་པའི་དེང་རབས་ས་མཐོའི་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི“ཟི་ལིང་ཆེན་མོ”སྔོན་ལ་སྐྲུན་འགོ་བཙུགས་ཏེ། མཚོ་སྔོན་ཞིང་ཆེན་འདི་ཉིད་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་ཀྱི་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་རྡལ་འཛུགས་སྐྲུན་གྱི་དཔེ་མཚོན་དང་དཔེ་སྟོན་དུ་འགྱུར་བར་ཧུར་ཐག་བྱེད་དགོས་ཟེར།