མཚོ་སྔོན་ཞིང་ཆེན་ཏང་ཨུས་གྲོང་ཁྱེར་དང་ཁུལ་རྫོང་བཅས་ཀྱི་སྐོར་ཞིབ་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས།
2019.11.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་སྐོར་ཞིབ་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་འི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཐིན་ཅཱ་ཚའེ་ཡིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཡུས་ཡན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་ཏང་ཨུ་དང་སྐོར་ཞིབ་ལས་ཁུངས་ཀྱིས་སྐོར་ཞིབ་ལས་དོན་དང་འབྲེལ་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱེད་པ། གནད་དོན་ཁྲིད་ཕྱོགས་མངོན་གསལ་དོད་པོ་བྱེད་པ། ཞན་ཆ་དུས་ལྟར་སེལ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གཞི་རིམ་གྱི་ལྟ་སྐུལ་ནུས་པ་ཆེ་རུ་གཏོང་བ་དང་གཞི་རིམ་གྱི་བཅོས་སྐྱོང་ཕན་འབྲས་ཆེ་རུ་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་ཟེར། 

གྲོས་ཚོགས་ལས་བླང་བྱ་བཏོན་དོན། ཆབ་སྲིད་སྐོར་ཞིབ་ཀྱི་ནང་སྙིང་དང་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པ་བྱས་ནས། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་རྒྱུ་རྩ་བའི་ཆབ་སྲིད་ལས་འགན་དུ་བརྩིས་ཏེ། གཞི་རིམ་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། ཏང་ཀྲུང་དབྱང་དང་དེ་བཞིན་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གནས་ཚུལ་དང་། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་དང་ཚུལ་མིན་སྤྱོད་ཚུལ། དེ་བཞིན་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་མེད་ཀྱི་རྣམ་པ་དང་རྩ་འཛུགས་ནུས་པ་ཞན་པ་སོགས་ཀྱི་གནད་དོན་ལ་དམིགས་བཙུགས་ནས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཆབ་སྲིད་ཀྱི་ནོར་འཛོལ་ཡོ་བསྲང་བྱས་ཏེ། ཏང་གིས་སྲིད་སྐྱོང་བའི་ཆབ་སྲིད་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན། 

ཚོགས་ཐོག་ནས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ། ཀོས་ནན་རྫོང་། དཔའ་ལུང་རྫོང་བཅས་ཀྱིས་ཚོགས་ཆེན་ལ་བསམ་འཆར་བརྗེ་རེས་ཀྱི་གཏམ་བཤད་བྱས།