ལིས་ཁི་ཆང་གིས་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩ་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ་དང་མཉམ་དུ་སྒོར་ཅོག་གླེང་མོལ་ཚོགས་འདུ་ཐེངས་བཞི་བ་བསྡུས།
2019.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 122

ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་འཛམ་གླིང་དངུལ་ཁང་གི་འགོ་གཙོ་མ་ཨར་ཕ་སི་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚེ་ཀི་ཨོ་ཨར་ཅི་ཡེ་བ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་བོ་ཨར་ཧྥུའུ། རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ལེ་ཏི། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ལིས་ཡ། དངུལ་རྩ་བརྟན་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མཁའ་ཨར་སི་བཅས་དང་མཉམ་དུ་སྒོར་ཅོག་གླེང་མོལ་ཚོགས་འདུ་ཐེངས་བཞི་བ་བསྡུས། 


ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་འཛམ་གླིང་དངུལ་ཁང་གི་འགོ་གཙོ་མ་ཨར་ཕ་སི་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚེ་ཀི་ཨོ་ཨར་ཅི་ཡེ་བ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་བོ་ཨར་ཧྥུའུ། རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ལེ་ཏི། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ལིས་ཡ། དངུལ་རྩ་བརྟན་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མཁའ་ཨར་སི་བཅས་དང་མཉམ་དུ་སྒོར་ཅོག་གླེང་མོལ་ཚོགས་འདུ་ཐེངས་བཞི་བ་བསྡུས་ཏེ། འཛམ་གླིང་དཔལ་འབྱོར་གྱི་མདུན་ལྗོངས་དང་ཁ་གཏད་བྱེད་ཐབས། འཛམ་གླིང་བཅོས་སྐྱོང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། ཀྲུང་གོས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞི་ཐད་ནས་བསམ་བློ་བརྗེ་རེས་བྱས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོའི་དཔལ་འབྱོར་ཉམས་ཞན་དུ་འགྲོ་བའི་གནོན་ཤུགས་དང་འཕྲལ་ཡོད་ནའང་ད་ལོར་ང་ཚོས་ལོ་སྟོད་ལ་གཏན་འཁེལ་བྱས་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་མངོན་འགྱུར་བྱེད་ཐུབ། སང་ལོར་ང་ཚོས་ཆེ་ཕྱོགས་དཔལ་འབྱོར་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་འཇགས་རང་བཞིན་སྲུང་འཛིན་བྱས་ཏེ་མུ་མཐུད་དུ་ཧུར་ཐག་གི་ནོར་སྲིད་སྲིད་ཇུས་དང་བརྟན་བརླིང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་པར་བརྩོན་ལེན་བྱེད་པར་མ་ཟད། ནང་མཁོའི་སྦས་ཤུགས་སྔོག་འདོན་བྱེད་པ་དང་གསར་བཟོ་ལས་རིགས་སྔར་ལས་འཕེལ་རྒྱས་སུ་གཏོང་བ། སྒོ་འབྱེད་ཞབས་ཕྱིའི་ལས་རིགས་རྒྱ་བསྐྱེད་ངེས་ཡིན་ཟེར།

ཕྱོགས་སོ་སོས་ཀྲུང་གོས་བླངས་པའི་འཕེལ་རྒྱས་གྲུབ་འབྲས་དང་དེ་མིན་འཛམ་གླིང་དཔལ་འབྱོར་འཕར་སྣོན་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་གཟེངས་བསྟོད་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།