ལིས་ཁི་ཆང་དང་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩ་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས།
2019.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་འཛམ་གླིང་དངུལ་ཁང་གི་འགོ་གཙོ་མ་ཨར་ཕ་སི་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚེ་ཀི་ཨོ་ཨར་ཅི་ཡེ་བ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་བོ་ཨར་ཧྥུའུ། རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ལེ་ཏི། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ལིས་ཡ། དངུལ་རྩ་བརྟན་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མཁའ་ཨར་སི་བཅས་དང་མཉམ་དུ་གསར་འགོད་པ་ཐུག་འཕྲད་བྱས།

ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་འཛམ་གླིང་དཔལ་འབྱོར་མངོན་གསལ་སྒོས་ཇེ་དལ་ལ་འགྲོ་བཞིན་ཡོད་པ་དང་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་སྣ་ཚོགས་ཕན་ཚུན་འབྲེལ་ཡོད། ང་ཚོས་དཔལ་འབྱོར་འཛམ་གླིང་ཅན་དང་སྣ་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོབ་བྱེད་དགོས་པ་དང་། འཛམ་གླིང་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། དཔལ་འབྱོར་གྱི་ཚུལ་སྒྱུར་ལ་སྐུལ་འདེད་བཏང་ནས་མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་དགོས་ཟེར།

ཕྱོགས་སོ་སོས་ཀྲུང་གོ་དང་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩ་ལས་ཁུངས་ཀྱི་འགན་འཁུར་བའི་སྒོར་ཅོག་གླེང་མོལ་ཚོགས་འདུ་ནི་ཕྱོགས་སོ་སོས་མཉམ་ལས་བྱས་ཏེ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་བའི་དཔེ་སྟོན་མངོན་པར་བྱེད་པ་དང་། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་འབོད་བརྡ་བཏང་བ་ཡིན། ཀྲུང་གོ་ནི་འཛམ་གླིང་དཔལ་འབྱོར་འཕར་སྣོན་ཐད་ལ་བྱས་རྗེས་འཇོག་མཁན་ཡིན་པ་དང་། ཕྱོགས་སོ་སོས་ཀྲུང་གོ་དང་མཉམ་དུ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་འཛམ་གླིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞོ་ཅེ་དང་ཧི་ལིས་ཧྥིན་གཉི་ཀ་གོང་གི་བྱ་འགུལ་ལ་ཞུགས།