ཀྲང་ཀོང་རུང་གིས་རྩེ་ཁོག་རྗོང་དུ་རྟོག་ཞིབ་བྱས།
2019.11.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དུ་སོང་ནས་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྒྲོག་འགྲེལ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅིངས་བའི་བརྗོད་དོན་སློབ་གསོར་ལྟ་སྐུལ་བྱས་ཏེ་ཆེད་དོན་ཏང་གི་སློབ་ཁྲིད་བྱས།   

རྩེ་ཁོག་རྫོང་དུང་དཀར་གཞིས་ཁུལ་ནི་མཚོ་སྔོན་ལྷོ་རྒྱུད་ཀྱི་ཆེས་ཆེ་བའི་གནས་སྤོར་བཀོད་སྒྲིག་གཞིས་ཁུལ་ཡིན། ཀྲང་ཀོང་རུང་གཞིས་ཁུལ་གྱི་ཁྱིམ་ཚང་རེ་རེར་སོང་སྟེ་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱས། དེའི་རྗེས་སུ་རྫོང་དང་གྲོང་བརྡལ་གྱི་ལས་བྱེད་པར་ཆེད་དོན་ཏང་གི་སློབ་ཁྲིད་བྱས། 

ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་ནི་མིག་སྔར་དང་མ་འོངས་པའི་དུས་ཚོད་ནང་དུ་ཆབ་སྲིད་ཀྱི་འོས་འགན་གཙོ་བོ་ཡིན། བསམ་བློ་གཅིག་གྱུར་དང་འདུ་ཤེས་མཐོར་འདེགས་བཏང་སྟེ་གཏིང་ཟབ་པའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་ལ་གོ་བ་གཏིང་ཟབ་མོ་བླངས་ཏེ་འདུ་ཤེས་བཞི་ཇེ་དྲགས་དང་ཡིད་རྟོན་བཞི་ཇེ་བརྟན།སྲུང་སྐྱོབ་བྱེད་དགོས་པ་གཉིས་ནན་ཏན་སྒོས་སྒྲུབ་དགོས། འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ་མ་ཡིག་ལ་སློབ་སྦྱོང་བྱེད་པ་དང་དོན་དངོས་ལ་གོ་བ་ཟབ་མོ་ལེན་དགོས། ལམ་ལུགས་རང་རྟོན་དང་ལམ་ལུགས་འདུ་ཤེས་ཇེ་དྲགས་ཏུ་བཏང་སྟེ་ས་གནས་སྡེ་ཁག་གིས་དངོས་ཡོད་ཀྱི་འགོ་འཛུགས་ས་ནས་འགྲེང་སྟེ་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ཟེར།    

རྟོག་ཞིབ་བྱེད་སྐབས་ཀྲང་ཀོང་རུང་གིས་རྩེ་ཁོག་རྫོང་གི་བརྗོད་དོན་སློབ་གསོ་དང་དབུལ་ཐར་མཁྲེགས་གཏོར། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་སྙན་ཞུ་ལ་ཉན་པ་དང་འབྲེལ་ཡོད་བྱ་བ་བཟང་བོར་སྒྲུབ་དགོས་པའི་རེ་བ་བཏོན།