ཞིང་ཆེན་ཏང་ཨུའི་ཧྲུའུ་ཞི་ཝང་ཅན་ཅོན་གྱིས་མཚན་བྱང་བཞི་ཡི་སྒོ་ནས་འཛམ་གླིང་ལ་མཚོ་སྔོན་མཚམས་སྦྱོར་བྱས།
2019.11.28 ཁུངས། ཀློག་གྲངས། 100

ཟླ11པའི་ཚེས26ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཞི་ཝང་ཅན་ཅོན་གྱིས་མཚན་བྱང་བཞི་ཡི་སྒོ་ནས་འཛམ་གླིང་ལ་མཚོ་སྔོན་མཚམས་སྦྱོར་བྱས།

མཚན་བྱང་དང་པོ། གཙང་གསུམ་འབྱུང་ཡུལ།

མཚོ་སྔོན་ཆུ་ཡིས་གྲགས་ལ། དེ་ནི་གཙང་གསུམ་འབྱུང་ཡུལ་དང་། ཡ་གླིང་གི་ཆུ་བོ་ཆེན་པོ་བསྐྲུན་པ་ཆེས་མང་པོ་དང་། ཆེས་གཅིག་ཏུ་འདུས་པའི་ས་ཁུལ་རེད། སྤྱི་ལེ་གྲུ་བཞི་མ་ཁྲི72ཡོད་པའི་ས་གཞིའི་སྟེང་། མཚེའུ་ལྔ་སྟོང་ལྷག་གནམ་གྱི་སྐར་མ་ས་ལ་ཕྲ་བཏབ་པ་བཞིན་རྣམ་པར་བཀྲ་ལ། ཆུ་བོ་བཞི་སྟོང་ཉིས་བརྒྱ་ལྷག་བསྣོལ་མར་སྡེབ་ཅིང་། ལོ་རེར་བཞུར་རྒྱུད་དུ་རྨིད་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར600ཡི་ཆུ་མགོའི་གཙང་ཆབ་ཁྱབ་པར་བྱས་ཡོད། འབྲི་ཆུ་དང་རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་ཞིང་། ཆུ་བོ་འདི་གཉིས་ཀྲུང་གོའི་ས་གཞི་ཕྱེད་ལྷག་ལ་ཁྱབ་ལ། མཐའ་མར་ཀྲུང་གོའི་ཤར་མཚོ་དང་པའོ་ཧེ་གཉིས་སུ་བབས་ནས། སའི་གོ་ལའི་རྒྱ་མཚོ་ཆེན་པོར་ཞུགས་ཏེ། སྐྱེ་དངོས་སེམས་ཅན་ཀུན་གྱི་གསོས་སུ་བཞུར་ཡོད། རྫ་ཆུ་ནི་ཀྲུང་ལྷོ་ཕྱེད་གླིང་དུ་མེ་ཀུང་གཙང་པོ་ཞེས་སུ་གྲགས་པ་དེ་ཡིན་ལ། དེ་ཉིད་ཀྲུང་གོ་དང་འབར་མ། ལའོ་ཡོའེ། ཐེ་གོ  ཅན་ཕུའུ་ཀྲེ། ཡའོ་ནན་བཅས་རྒྱལ་ཁབ6ཏུ་བཞུར་ཡོད་ལ། མཐའ་མར་ཀྲུང་གོའི་ལྷོ་མཚོར་བབས་ནས། འཛམ་གླིང་གི་ཆུ་བོའི་མ་ལག་ཏུ་ཞུགས་ཏེ། ཁྱིམ་མཚེས་རྒྱལ་ཁབ་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། མཚོ་སྔོན་གྱི་ཆུ་མགོའི་གཙང་ཆབ་ཀྱིས་མཚོ་སྔོན་བསྐྲུན་ཡོད་ལ། ཀྲུང་གོར་འགྱུར་ལྡོག་བཏང་ཞིང་། འཛམ་གླིང་ལ་ཤན་ཤུགས་ཐེབས་ཀྱིན་ཡོད། ང་ཚོས་གཙང་གསུམ་འབྱུང་ཡུལ་གྱི་མཚན་བྱང་འཁྱེར་ནས་འཛམ་གླིང་དུ་འགྲོ།


མཚན་བྱང་གཉིས་པ། སྐྱེ་ཁམས་སྲུང་རགས།

མཚོ་སྔོན་འཛམ་གླིང་གི་ཡང་རྩེ་གནས་ཡོད་ལ། སའི་གོ་ལའི་ཕྱེད་གླིང་བྱང་མའི་གནམ་གཤིས་ཀྱི་ཚོར་བ་སྐྱེན་ས་དང་འབྱུང་ཁུངས་ཁུལ་ཡིན་ཞིང་། གོ་ལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་གི་སྙོམ་སྒྲིག་བྱེད་སྤྱད་དང་བརྟན་བརླིང་བྱེད་སྤྱད་རེད། མཚོ་བོད་མཐོ་སྒང་གནམ་སྔོ་ས་ལྗང་དང་། སྐྱེ་ཁམས་མཛེས་སྡུག་རྫོགས་པས། འཛམ་གླིང་གི་གཞི་ཁྱོན་ཆེས་ཆེ་བའི་གྲང་ངར་ཆེ་བའི་བརླན་ས་དང་། གྲང་ཆེའི་རྩྭ་ཐང་། ནགས་ཕྲན་དང་ནགས་ཚལ་སོགས་ཀྱི་སྐྱེ་ཁམས་མ་ལག་ལྡན་ལ། ཆུ་བོ་དང་བརླན་ས། ནགས་རྩྭའི་སྔོ་ཁེབས་ཚད70%བརྒལ་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱིས་འཛམ་གླིང་དག་གཙང་་ས་ཁུལ་བཞིའི་ཡ་གྱལ་དུ་བགྲངས་ཡོད། མཚོ་སྔོན་ད་དུང་འཛམ་གླིང་སྟེང་ས་བབ་མཐོ་བའི་ས་ཁུལ་དུ་སྐྱེ་དངོས་སྣ་ཚོགས་ལྡན་ཞིང་། དངོས་རིགས་སྣ་ཚོགས་ལྡན་པ། གཞི་རྒྱུ་སྣ་ཚོགས་ལྡན་པ། རྒྱུད་འཛིན་སྣ་ཚོགས་ལྡན་པ་ཆེས་གཅིག་འདུས་ཀྱི་ས་ཁུལ་ཡིན་ཞིང་། གྲང་ཆེའི་སྐྱེ་དངོས་རང་བྱུང་དངོས་རིགས་ཀྱི་འབྱུང་ཁུངས་ཀྱི་བང་མཛོད་ཡིན། སྐྱེ་ཁམས་མཛེས་པ་ནི་ཆེས་མཛེས་པའི་མཛེས་སྡུག་ཡིན་ཞིང་། སྐྱེ་ཁམས་བདེ་འཇགས་ནི་ཆེས་ཆེ་བའི་བདེ་འཇགས་ཡིན། མཛེས་སྡུག་གི་མཚོ་སྔོན་དང་། མཛེས་སྡུག་གི་ཀྲུང་གོ  མཛེས་སྡུག་གི་འཛམ་གླིང་བསྐྲུན་པ་ལ། ང་ཚོས་སྐྱེ་ཁམས་སྲུང་རགས་ཀྱི་མཚན་བྱང་འཁྱེར་ནས་འཛམ་གླིང་དུ་འགྲོ།


མཚན་བྱང་གསུམ་པ། རྒྱལ་ཁབ་སྤྱི་གླིང་།

2015ལོར། ཀྲུང་གོའི་ཆེས་ཐོག་མའི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་གནས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་དུ་གཏན་ཁེལ་བྱས་ནས། ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་གཟུག་པའི་དུས་རབས་གསར་བ་ཞིག་གི་དབུ་ཁྱུད་བྲིས། ད་ལོར། ང་ཚོས་ཀྲུང་གོའི་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ལེགས་སྒྲུབ་བྱས་ཤིང་། ཀྲུང་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་ཡིག་བསྐུར་ནས། ང་ཚོར་ལག་ཟུང་དམ་པོར་སྦྲེལ་ནས་འཛམ་གླིང་སྐྱེ་ཁམས་རིག་གནས་ཀྱི་མཛེས་སྡུག་གི་མ་འོངས་པ་བསྐྲུན་པར་མངག་བཅོལ་བྱས། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་མཚོ་སྔོན་དུ་ལེགས་སྒྲུབ་བྱས་པ་ལས། མཚོ་སྔོན་རྒྱལ་ཡོངས་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་བསྐྱོད་པའི་སྒོ་མོ་ཡངས་པོར་ཕྱེས་ཡོད། རྒྱལ་ཁབ་སྤྱི་གླིང་ནི་མཚོ་སྔོན་གྱི་ཡིན་ལ། ཀྲུང་གོའི་ཡིན་ཞིང་། འཛམ་གླིང་གིའང་ཡིན་པས། ང་ཚོས་རྒྱལ་ཁབ་སྤྱི་གླིང་གི་མཚན་བྱང་འཁྱེར་འཛམ་གླིང་དུ་འགྲོ། 


མཚན་བྱང་བཞི་བ། ཐོན་ཁུངས་ནུས་ཁུངས།

མིའི་རིགས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ནི་ཐོན་ཁུངས་ནུས་ཁུངས་དང་ཁ་འབྲལ་ཐབས་མེད། མཚོ་སྔོན་གྱི་ཐོན་ཁུངས་ཀྱི་འཇིག་རྟེན་དང་། ནུས་ཁུངས་ཀྱི་ཕྱུག་པའི་ས་ཁུལ་ཡིན་ཞིང་། ཚྭ་མཚོའི་ཐོན་ཁུངས་སྲིད་ན་འགྲན་ཟླ་བྲལ་ཞིང་། ལྕགས་རིགས་གཏེར་ཁ་དང་། རྡོ་སྣུམ། རང་བྱུང་སོལ་རླངས། རྡོ་གཡམ་རླངས་པ་སོགས་གསོག་གྲངས་ཧ་ཅང་འཛོམས་ལ། གཏེར་ཁའི་ཐོན་ཁུངས་རྩད་ཆོད་བྱུང་བའི་རིན་ཐང་སྒོར་ཁྲི་དུང་ཕྱུར105ལ་སླེབས། ཚ་ཧར་ཚྭ་མཚོ་ནི་ཀྲུང་གོའི་ཆེས་ཆེ་བ་དང་། འཛམ་གླིང་གི་ཨང་གཉིས་པའི་ཚྭ་མཚོ་ཡིན་ཞིང་། གསོག་ཚད་ཏུན་དུང་ཕྱུར600ལྷག་ལ་སླེབས། མཚོ་སྔོན་རྩད་ཆོད་བྱུང་བའི་ལིའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི1724ལ་སླེབས་ཤིང་། ཀྲུང་གོའི་ལིའི་ཐོན་ཁུངས་གསོག་ཚད་ཀྱི83%ཟིན་ལ། གོ་ལ་ཧྲིལ་པོའི་ལིའི་ཐོན་ཁུངས་གསོག་ཚད་ཀྱི60%ཡན་ཟིན་པས། འཛམ་གླིང་ནུས་ཁུངས་གསར་པ་གོང་འཕེལ་གཏོང་བའི་རྒྱུན་མཐུད་ས་ཁུལ་གཙོ་བོ་རེད། མཚོ་སྔོན་ནི་ཀྲུང་གོའི་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་ཡིན་ཏེ། ཉི་མའི་ནུས་པའི་ཐོན་ཁུངས་སྟོང་ཝ་དུང་ཕྱུར10ཡོད་ལ། རླུང་ནུས་གསོག་ཚད་སྤྱི་སྟོང་ཝ་དུང་ཕྱུར4བརྒལ་ཞིང་། ཆུ་ནུས་ཐོན་ཁུངས་སྤྱིའི་གསོག་ཚད་སྟོང་ཝ་ཁྲི2400ལ་སླེབས། ཆུ་འོད་རོགས་གསབ་གློག་འདོན་ལས་གཞི་ནི་འཛམ་གླིང་གི་ཆེས་ཆེ་བ་ཡིན་ཞིང་། བསྟུད་མར་ཉིན15ཆུ་ཚོད360ལ་དག་གཙང་ནུས་ཁུངས་གློག་འདོན་བྱས་པ་རྒྱུན་འཁྱོངས་བྱས་པའི་འཛམ་གླིང་ཟིན་ཐོ་བསྐྲུན་ཡོད། ཐོན་ཁུངས་ནུས་ཁུངས་ནི་མཚོ་སྔོན་གྱི་མ་འོངས་པ་དང་། ཀྲུང་གོའི་མ་འོངས་པ་ཡིན་ལ། འཛམ་གླིང་གི་མ་འོངས་པའང་ཡིན་པས། ང་ཚོས་ཐོན་ཁུངས་ནུས་ཁུངས་ཀྱི་མཚན་བྱང་འཁྱེར་ནས་འཛམ་གླིང་དུ་འགྲོ།