ཞི་ཅིན་ཕིང་གིས་སར་ཝ་ཏོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པུའུ་ཁི་ཨར་དང་གྲོས་མོལ་མཛད།
2019.12.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 91

ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སར་ཝ་ཏོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པུའུ་ཁི་ཨར་དང་གྲོས་མོལ་མཛད།

ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སར་ཝ་ཏོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པུའུ་ཁི་ཨར་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་སར་ཝ་ཏོལ་བར་དུ་ཕྱི་ཕྱོགས་འབྲེལ་བ་བཙུགས་པ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་འདྲིས་ལོ་རྒྱུས་སྟེང་གི་དོན་ཆེན་ཞིག་ཡིན་ལ། དེས་ཕྱོགས་གཉིས་བར་གྱི་མཉམ་ལས་ཀྱི་སྒོ་མོ་ཡངས་བར་འབྱེད་པ་དང་ལོ་རྒྱུས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་པ་ཡིན་པས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་གཅིག་ལྷག་གི་རིང་ལ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་ཇེ་མང་དུ་སོང་ཞིང་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་སྤེལ་བ་དང་ཕན་ཚུན་བར་གྱི་རྒྱུས་ལོན་སྔར་ལས་ཇེ་ཟབ་ཏུ་གྱུར། ཀྲུང་གོ་ཕྱོགས་ཀྱིས་སར་ཝ་ཏོལ་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་བརྩི་འཇོག་དང་ཕན་ཚུན་ལ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པའི་རྨང་གཞིའི་སྟེང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འགྲོ་འོང་རྒྱ་བསྐྱེད་ཅིང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

པུའུ་ཁི་ཨར་གྱིས་བཤད་རྒྱུར། སར་ཝ་ཏོལ་དང་ཀྲུང་གོའི་བར་དུ་ཕྱི་ཕྱོགས་འབྲེལ་བ་བཙུགས་པའི་དུས་ཡུན་ཐུང་ནའང་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་པ་དང་། ཕྱོགས་གཉིས་ཀ་མཉམ་ལས་ཀྱི་གྲོགས་པོ་བཟང་བོར་འགྱུར་ཐུབ་པའི་ནུས་པ་ཡོད། སར་ཝ་ཏོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོའི་ཞི་བདེ་གཅིག་གྱུར་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན། བདག་གིས་འཚམས་འདྲི་བྱེད་པ་དེ་སར་ཝ་ཏོལ་དང་ཀྲུང་གོའི་འབྲེལ་བའི་འགོ་ཚུགས་ས་གསར་བ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ལ་མཛེས་པའི་མ་འོངས་པ་གསར་སྐྲུན་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། སར་ཝ་ཏོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པུའུ་ཁི་ཨར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་མ་བྱས།