ཐེན་ཅིན་ཁྲིན་གྱིས་ཏ་ཐུང་གི་གྲམ་ཆུ་བྱང་མའི་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་བྱ་བར་རྟོག་ཞིབ་བྱས།
2019.12.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་ཏ་ཐུང་གི་གྲམ་ཆུ་བྱང་མའི་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། ཡུལ་དངོས་ནས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱས།

ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་སའི་མ་ལག་གིས་ཁྱོན་ཡོངས་ནས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དངོས་འབེབས་མཐར་ཕྱིན་དང་དེར་གོ་བ་ཡང་དག་བླངས་ནས། དེའི་དོན་སྙིང་གལ་ཆེན་ལ་གོ་བ་མ་ནོར་བ་ལེན་དགོས་པ་དང་། ཁྱད་པར་དུ་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་ཅན་དང་དེ་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གྱི་བཀོད་སྒྲིག་གལ་ཆེན་ལ་གོ་བ་གནད་དུ་ཐིངས་པ་ལེན་དགོས། སྲིད་ཇུས་ལ་ཞིབ་འཇུག་ནན་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས་ཟེར།