ཧན་ཀྲིན་གྱིས་ཨ་མེ་རི་ཁའི་ཨེ་ཁི་སིན་མེ་ཧྥུའུ་ཀུང་ཟིའི་ཏུང་ཧྲི་ཀྲང་དང་དབུ་བཞུགས་ལག་བསྟར་དཔོན་པོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝུའུ་ཏི་ལུན་ལ་མཇལ་འཕྲད་གནང་།
2019.12.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཀྲུང་ནན་ཧེ་ནས་ཨ་མེ་རི་ཁའི་ཨེ་ཁི་སིན་མེ་ཧྥུའུ་ཀུང་ཟིའི་ཏུང་ཧྲི་ཀྲང་དང་དབུ་བཞུགས་ལག་བསྟར་དཔོན་པོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝུའུ་ཏི་ལུན་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་གསུངས་རྒྱུར། ཀྲུང་གོའི་དཔལ་འབྱོར་ཡུན་རིང་ལ་བཟང་ཕྱོགས་སུ་འཕེལ་བའི་གནས་བབ་འགྱུར་མེད་པ་དང་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ཡོད་པས། ཕྱི་ཕྱོགས་ཁེ་ལས་ལ་སྔར་ལས་མང་པོའི་ཚོང་རའི་བར་སྟོང་དང་དངུལ་གཏོང་གོ་སྐབས་འདོན་སྤྲོད་བྱེད་ངེས་ཡིན། ཀྲུང་གོས་མུ་མཐུད་དུ་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་ཚོང་བས་མ་དངུལ་གཏོང་བར་སྟབས་བདེ་བཟོ་བར་སྐུལ་འདེད་གཏོང་ངེས་ཡིན་ཟེར།

ཝུའུ་ཏི་ལུན་གྱིས་བཤད་རྒྱུར། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་པ་དང་མ་འོངས་པར་འཕར་སྣོན་གྱི་བར་སྟོང་ཆེན་པོ་ཡོད། ཨེ་ཁི་སིན་མེ་ཧྥུའུ་ཀུང་ཟིས་ཀྲུང་གོར་མ་དངུལ་གཏོང་བར་ཡིད་ཆེས་ཆེན་པོ་བཅངས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་ཡུན་རིང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་མ་ཟད། ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱས་ཏེ། ཧོས་ཀྲིག་རྡོ་སྣུམ་རྫས་འགྱུར་ཕྱོགས་བསྡུས་ཚོགས་པ་སོགས་ཀྲུང་གོར་ཡོད་པའི་ལས་གཞིའི་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།