ཞིང་ཆེན་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཨུ་ཡོན་ལྷན་ཚོགས་ཀྱིས་བྱ་བའི་གྲོས་ཚོགས་བསྡུས།
2019.12.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན། ཞིང་ཆེན་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཨུ་ཡོན་ལྷན་ཚོགས་ཀྱིས་བྱ་བའི་གྲོས་ཚོགས་བསྡུས་ནས། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ཚོགས་པའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་གནས་བབ་སྙན་ཞུ་དང་ད་ལོའི་དགུན་དང་སང་ལོའི་དཔྱིད་ཀྱི་འགྲིམ་འགྲུལ་བདེ་འཇགས་བྱ་བའི་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཝང་ཀྲུན་ཧྲིན་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད།

ཝང་ཀྲིན་ཧྲིན་གྱིས་བསྟན་དོན། འགྲིམ་འགྲུལ་གཞུང་ལམ་བདེ་འཇགས་ནི་ཁྱིམ་ཚང་ཀུན་ལ་འབྲེལ་ཞིང་། དམངས་ཚིས་ཀྱི་བདེ་སྡུག་དང་འབྲེལ་བ་དམ་པོ་ཡོད། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཨུ་ཡོན་ལྷན་ཚོགས་བཙུགས་པ་དེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བྱ་བར་ཚད་མཐོ་བའི་གདེང་འཇོག་བྱེད་ཀྱིན་པ་མཚོན་ཡོད། ཨུ་ཡོན་རེ་རེས་མི་དམངས་དཀྱིལ་སྙིང་དུ་བཟུང་ནས། བྱ་བའི་འགན་ནུས་ལག་བསྟར་གཟབ་ནན་བྱེད་དགོས་ལ། བྱ་བའི་འགན་འཁུར་དོན་འཁྱོལ་ནན་མོ་བྱེད་དགོས། ཤུགས་ཆེན་པོས་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བར་འབད་པ་བྱེད་པ་དང་། ཅུང་ཚབས་ཆེ་བའི་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་དང་ཆེས་ཚབས་ཆེ་བའི་འགྲིམ་འགྲུལ་དོན་རྐྱེན་འབྱུང་བ་གཏན་འགོག་བྱས་ནས། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་གནས་བབ་དེ་མུ་རུ་བརྟན་འཇགས་ཡོང་བར་འགན་སྲུང་བྱ་དགོས་ཟེར།

ཚང་ཀྲུན་ཧྲིན་གྱིས་ནན་གྱིས་བསྟན་དོན། ལོ་རྔ་ཟླ་རྔ་འདི་ལ་གཞུང་ལམ་འགྲིམ་འགྲིལ་བདེ་འཇགས་ཐད་དོན་རྐྱེན་བྱུང་སླ་བས། སྡེ་ཁག་གི་ཨུ་ཡོན་རེ་རེས་ལྟ་སྐུལ་ལ་ཤུགས་བསྣན་ནས། འགྲུལ་སྐྱེལ་རླངས་འཁོར་དང་ཟོང་འདྲེན་རླངས་འཁོར་གྱི་ཚད་བརྒལ་སྐྱེལ་འདྲེན་གྱི་ཚད་ཐིག་ལ་ཞིབ་བཤེར་ནན་མོ་བྱེད་པ་དང་། ཆང་འཐུང་ནས་རླངས་འཁོར་བསྐོར་བ་དང་། སྒེར་གྱིས་རླངས་འཁོར་གླ་གཏོང་བྱེད་པ། རླངས་འཁོར་བྱང་བུ་རྫུན་བཟོ་བྱས་ཏེ་འགེལ་བ་སོགས་ཀྱི་འགྲིམ་འགྲུལ་སྒྲིག་འགལ་བྱ་སྤྱོད་ལ་ཐེར་འདོན་དང་གཏན་འགོག་ནན་མོ་བྱས་ནས། མི་དམངས་མང་ཚོགས་ཀྱི་བདེ་འཇགས་འདུ་འགོད་ལ་འགན་སྲུང་དང་། འགྲིམ་འགྲུལ་བདེ་འཇགས་སློབ་གསོ་ལ་ཤུགས་བསྣན་ནས། དམངས་ཀྱི་བདེ་འཇགས་དང་། དཔལ་ཡོན་དང་ལྡན་པའི་སྒོ་ནས་རླངས་འཁོར་བསྐོར་བ་སོགས་ཀྱི་འདུ་ཤེས་མཐོར་འདེགས་སུ་གཏོང་དགོས།