ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་སྐབས་བཅུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་ནས་ཚོགས།
2019.12.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་སྐབས་བཅུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཉེ་ལམ་པེ་ཅིན་ནས་ཚོགས། གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ནི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་སྐབས་བཅུ་བའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2019ལོའི་བྱ་བའི་སྙན་ཞུ་ལ་ཉན་པ་མ་ཟད་གྲོས་ཞིབ་བྱེད་པ། ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་སྐབས་བཅུ་བའི་ཀྲུང་དབྱང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི2019ལོའི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱེད་རྒྱུ་བཅས་ཡིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སུའུ་ཧོས་ཀྱིས་ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་སྐབས་བཅུ་བའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ། ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲུང་ཙིག་ཞི་ཡིས་འགོ་རྩོམ་གྲོས་ཚོགས་ལ་འགོ་མཛིན་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལོ་གསར་བའི་ནང་དམ་འཛིན་གཏིང་ཟབ་བྱེད་པ་དང་གྲུབ་འབྲས་ལེན་རྒྱུ་དེ་ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལོ་ཧྲིལ་བོའི་བྱ་བའི་བརྗོད་དོན་དུ་བྱས་ཏེ། ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་གི་འཛུགས་སྐྲུན་ཐད་ནས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་བྱེད་པ་དང་སྣང་བརྙན་གསར་བ་མངོན་པར་བྱེད་དགོས་ཟེར།