ལིག་ཆི་པོ་ཡིས་རྒྱལ་ཡོངས་སྲིད་གྲོས་ཀྱི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཐེ་རི་ནི་ཏ་དང་ཐོ་པ་ཀོ་ལ་འཚམས་འདྲི་བྱས།
2019.12.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཅུ་གཉིས་པའི་ཚེས་ལྔ་དང་ཚེས་དྲུག་ཉིན་གཉིས་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིག་ཆི་པོ་ཡིས་རྒྱལ་ཡོངས་སྲིད་གྲོས་ཀྱི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཐེ་རི་ནི་ཏ་དང་ཐོ་པ་ཀོ་ལ་འཚམས་འདྲི་བྱས། འཚམས་འདྲིའི་སྐབས་སུ་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་ཙུང་ལི་ལོ་ལིས་དང་གྲོས་ཞུགས་དཔོན་པོ་ཚབ་མ་ཧྥའོ་ལེ་ཐ་སི། དམངས་གྲོས་དཔོན་པོ་ཨན་ཉི་སེ་ཐི་ཆོ་ཀྲི་བཅས་ཀྱིས་འཐུས་ཚབ་ཚོགས་པ་དང་གྲོས་མོལ་བྱས།

ལིག་ཆི་པོ་ཡིས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་ལོན་པའི་ལོ་ཡིན། ལོ་ཞེ་ལྔའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་། ཀྲུང་གོ་ཕྱོགས་ཀྱིས་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་རྒྱུད་གཅིག་ལམ་གཅིག་མཉམ་ལས་ཀྱི་སྤྱི་ཁོག་ནང་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་གཉིས་དང་ས་ཁུལ། ཕྱོགས་མང་པོ་ནས་སྔར་ལས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ལོ་ལིས་ཀྱིས་ཐེ་རི་ནི་ཏ་དང་ཐོ་པ་ཀོ་དང་ཀྲུང་གོའི་འབྲེལ་བར་གདེང་འཇོག་ཆེན་པོ་གནང་བ་དང་ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པར་མ་ཟད། ཕྱོགས་གཉིས་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

འཐུས་ཚབ་ཚོགས་པ་ནི་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་གྲོས་ཁང་གིས་གདན་དྲངས་པ་ལྟར་འཚམས་འདྲིར་སོང་བ་རེད།