ལི་ཀྲན་ཧྲུའུ་ཡིས་ཧྲིན་ཏའོ་མུས་དང་ཕུའུ་ལིན་ཞི་པུས་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ནི་ཝེ་སི་དང་གྲོས་མོལ་མཛད།
2019.12.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 73

ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྲིན་ཏའོ་མུས་དང་ཕུའུ་ལིན་ཞི་པུས་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ནི་ཝེ་སི་དང་གྲོས་མོལ་མཛད།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚེས་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྲིན་ཏའོ་མུས་དང་ཕུའུ་ལིན་ཞི་པུས་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ནི་ཝེ་སི་དང་གྲོས་མོལ་མཛད།

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་དང་ཧྲིན་ཕུའུ་བར་ལ་འབྲེལ་བ་སླར་གསོ་བྱས་ནས་ལོ་ངོ་གསུམ་གྱི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྲིན་ཕུའུ་འགོ་ཁྲིད་པའི་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་མཛུབ་ཁྲིད་འོག་ཏུ། འདྲ་མཉམ་ཡིད་ཆེས་དང་མཉམ་ལས་གཉིས་རྒྱལ་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་མཉམ་དུ་ཁྱབ་བསྒྲགས་བྱས་ཏེ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་བརྗེ་རེས་དང་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཧྲིན་ཕུའུ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་གྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་གྱི་སྟེང་ནས་ཕན་ཚུན་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་གཅིག་སྲིད་ཇུས་རྒྱུན་འཁྱོངས་བྱེད་པའི་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ཀྱི་ཆབ་སྲིད་ཀྱི་རྨང་གཞི་བཟང་བོར་མཉམ་དུ་སྲུང་སྐྱོང་བཟང་བོ་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་གཙོ་གནད་དུ་བཟུང་སྟེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏན་འཇགས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཕུན་ཚོགས་སྣ་མང་ཡིན་པའི་མི་གཞུང་བརྗེ་རྒྱ་ཆེར་སྤེལ་བ་དང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྱི་དམངས་བློའི་རྨང་གཞི་སྲ་བརྟན་དུ་བཏང་ནས། ཀྲུང་གོ་དང་ཧྲིན་ཕུའུ་བར་གྱི་འབྲེལ་བ་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ནི་ཝེ་སི་ཡིས་བཤད་རྒྱུར། ཐོག་མར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུས་པ་ཡིན། ཀྲུང་གོས་རླབས་ཆེ་བའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་བླངས་ནས། ད་ལྟ་གཞི་ནས་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་ཆེན་པོ་ཨང་གཉིས་པར་གྱུར་ཡོད། འདི་ནི་ཀྲུང་གོ་མི་དམངས་དཀའ་ཁག་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་དཀའ་སྤྱད་འབད་འཐབ་ལས་ཐོན་པའི་གྲུབ་འབྲས་བུ་རེད། ཧྲིན་ཕུའུ་ཡིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་གནད་དོན་གལ་ཆེན་གྱི་ལངས་ཕྱོགས་ཐད་ནས་ནམ་ཡང་ཀྲུང་གོར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝུའུ་ཝེ་ཧྭ་གྲོས་མོལ་ལ་ཞུགས།