མཚོ་སྔོན་ཞིང་ཆེན་འཐུས་ཚབ་ཚོགས་པ་རྒྱལ་ཡོངས་སྐབས་བཅུ་གཅིག་པའི་མི་རིགས་ལུས་རྩལ་ཚོགས་འགྲན་ཚོགས་ལ་ཞུགས་པའི་སྤྱི་སྡོམ་གྲོས་ཚོགས་ཟི་ལིང་ནས་ཚོགས།
2019.12.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

མཚོ་སྔོན་ཞིང་ཆེན་འཐུས་ཚབ་ཚོགས་པ་རྒྱལ་ཡོངས་སྐབས་བཅུ་གཅིག་པའི་མི་རིགས་ལུས་རྩལ་ཚོགས་འགྲན་ཚོགས་ལ་ཞུགས་པའི་སྤྱི་སྡོམ་གྲོས་ཚོགས་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ལུས་རྩལ་ཅུའུ་གཉིས་ཀྱིས་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པའི་འགྲན་ཞུགས་གནས་ཚུལ་ཁྱབ་བསྒྲགས་དང་སྤྱི་སྡོམ་བྱས་པ་དང་། བྱ་དགའ་ཐོབ་པའི་ལུས་རྩལ་པ་དང་རྩལ་ཁྲིད་པར་གཟེངས་བསྟོད་བྱ་དགའ་བྱིན་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

སྐབས་འདིའི་ལུས་རྩལ་འགྲན་ཚོགས་མཚོ་སྔོན་འཐུས་ཚབ་ཚོགས་པར་བསྡོམས་པས་བྱ་དགའ་ཨང་དང་པོ་གཅིག་དང་། བྱ་དགའ་ཨང་གཉིས་པ་དྲུག བྱ་དགའ་ཨང་གསུམ་པ་བརྒྱད་ཐོབ།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་འགྲམ་ཞུགས་སྐབས་སུ་ནམ་ཡང་མཐུན་སྒྲིལ་དང་མཉམ་ལས། འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། ཆུ་ཚད་དང་ཁྱད་ཆོས། མཛའ་བརྩེ་མངོན་པར་བྱས་པ་དང་། མཚོ་སྔོན་གསར་བའི་སྙིང་སྟོབས་མངོན་པར་བྱས་ལ། ཚོགས་ཆེན་གྱི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ལུས་རྩལ་ཀུན་སྤྱོད་དར་སྲོལ་བྱ་དགའ་ཐོབ་པ་དང་། ལུས་རྩལ་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཐད་ཀྱི་གྲུབ་འབྲས་བཟང་བོ་བླངས། ལངས་གནས་མཐོར་འདེགས་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་འཕེལ་རྒྱས་སུ་བཏང་སྟེ། རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་ཧྭ་རིག་གནས་ཀྱི་སྲོག་ཤིང་གི་གོ་དོན་ལ་རྒྱུས་ལོན་བྱེད་དུ་འཇུག་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་རང་རྟོགས་རང་བཞིན་དང་བརྟན་བརླིང་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ལྷག་པར་དུ་མི་རིགས་དང་ལུས་རྩལ་བྱ་བའི་སྡེ་ཁག་གིས་དམིགས་འབེན་ལ་དམ་དུ་དམིགས་པ་དང་། སྐབས་རྗེས་མའི་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བཟང་བོ་བྱེད་པ། དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་སྔོག་འདོན་དང་སྲུང་སྐྱོབ། རྒྱུན་འཛིན་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ལུས་རྩལ་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།