མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2020.01.18 ཁུངས། ཀློག་གྲངས། 39

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟླ་དང་པོའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་བསྡུས། ཨུ་ཡོན་བཅུ་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་དོན་ཆེན་དང་མང་ཚོགས་ཀྱིས་སེམས་ཁུར་དང་དོ་སྣང་བྱེད་པའི་དཀའ་ཁག འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དོན་དག་གལ་ཆེན་ལ་དམིགས་ནས་གཏམ་བཤད།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་། རིན་ཆེན་རྣམ་རྒྱལ། ཀྲང་ཧྲིག་ཁྲིན། ཏུའུ་ཅེ། ཀྲང་ཝུན་ཁུའེ། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་དུ་བསྡད་ཡོད་པ་དང་། ཝང་ཞོན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་མཱ་ཅི་ཞའོ་དང་ཧྲིན་ཀྲང་གཞོན་པ་ཀྲང་ལིས། ལིག་ཐའོ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གདན་འདྲེན་ཞུས་པ་ལྟར་གྲོས་ཚོགས་ལ་ཞུགས་ནས། གྲོས་ཚོགས་ཀྱི་གཏམ་བཤད་ལ་ཉན།

ཚོགས་ཐོག་ཏུ། ཨུ་ཡོན་ཏིན་ཞའོ་ཧུའེ་ཡིས་ཅིག་སན་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་སུས་ཞིང་འདེབས་པ་ནི་གཡོལ་ཐབས་མེད་པའི་གནད་དོན་ཞིག་རེད་ཅེས་པའི་གཏམ་བཤད། ཨུ་ཡོན་ལིས་ཆེན་གྱིས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ནས་ཚོང་ཚོགས་ཀྱིས་མཉམ་ལས་གཞོགས་འདེགས་སྒོས་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་པའི་གཏམ་བཤད། ཨུ་ཡོན་ཧོའུ་ཕུན་ཉིང་གིས་ཞིང་ཆེན་སྲིད་གྲོས་མི་གྲངས་ཐོན་ཁུངས་དང་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཆུ་ཚད་མཐོན་པོས་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་གྱི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས་ཞེས་པའི་གཏམ་བཤད། ཨུ་ཡོན་ཡུས་ཧོང་ཞན་གྱིས་མཚོ་སྔོན་གྱི་བོད་ལུགས་གསོ་རིག་སྨན་རྫས་ཐད་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཐབས་ཇུས་དང་གྲོས་གཞི་ཞེས་པའི་གཏམ་བཤད། ཨུ་ཡོན་ཝང་ཅན་མེན་གྱིས་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས་ཁྱད་ལྡན་གྲོང་རྡལ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་ཞེས་པའི་གཏམ་བཤད། ཨུ་ཡོན་མཱ་ལིས་ཝུན་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཞང་སྲོལ་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གྲོས་གཞི་ཞེས་པའི་གཏམ་བཟད།

ཚོགས་ཐོག་ནས་གཏམ་བཤད་པ་ནི་མི་དམངས་སྲིད་གྲོས་ཀྱི་གཡུལ་ས་གཙོ་བོ་དང་སྟེགས་བུ་གཙོ་བོ། ལམ་བུ་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་པའི་རྣམ་པ་གལ་ཆེན་ཡིན། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱིས་འགན་སྒྲུབ་བྱས་པའི་ཚུན་དུ། གྲོས་ཚོགས་ཀྱི་གཏམ་བཤད་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། གྲོས་ཚོགས་སྟེང་གཏམ་བཤད་རྒྱུ་དེ་ཨུ་ཡོན་གྱི་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བ། ཨུ་ཡོན་གྱི་འགན་སྒྲུབ་སྣང་བརྙན་འགྲེམ་སྟོན་བྱེད་པའི་ཕྱོགས་གལ་ཆེན་དུ་བརྩིས་ནས། གྲོས་ཚོགས་ཀྱི་གཏམ་བཤད་བསྡུ་རུབ་བྱ་བར་ཤུགས་བསྣན། སྲིད་གྲོས་ཀྱི་ཁོངས་གཏོགས་ལས་ཁུངས་སོ་སོས་རྟོག་ཞིབ་གཏིང་ཟབ་བྱེད་པའི་རྨང་གཞིའི་སྟེང་། བསམ་གཞིགས་ཟབ་མོ་བཏང་བ་དང་སེམས་ཞིབ་མོས་གྲ་སྒྲིག་བྱས་ཏེ། བསྡོམས་པས་གྲོས་ཚོགས་ལ་གཏམ་བཤད་ཡིག་ཆ་བརྒྱ་དང་སོ་གསུམ་སྤྲད་པ་དང་། དེའི་ཁྲོད་ཡིག་ཆ་བཅུ་གཉིས་ཐེངས་འདིའི་གྲོས་ཚོགས་ཀྱི་ཁ་ཐོག་གཏམ་བཤད་དུ་བྱས་པ་དང་། ཡིག་ཆ་ཉེར་ལྔ་ཡིག་ཐོག་གཏམ་བཤད་དུ་བྱས་ནས་བསྐྱར་དཔར་བྱས་ཏེ་ཚོགས་ཞུགས་མི་སྣར་བཀྲམས། ཐེངས་འདིའི་གྲོས་ཚོགས་ཀྱི་གཏམ་བཤད་་ཁྲོད་མ་འདེམ་པའི་ཡིག་ཆ་དག་གྲོས་ཚོགས་གྲོལ་རྗེས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཡི་ཆ་འཕྲིན་སོགས་ཀྱི་རྣམ་པ་བརྒྱུད་དེ་ཞིང་ཆེན་ཏང་ཨུ་དང་འབྲེལ་ཡོད་སྡེ་ཁག་ལ་སྤྲོད་རྒྱུ་རེད།