མཚོ་སྔོན་ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་བསྡུས།
2020.01.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་དང་པོའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་རྒྱལ་ཡོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། 2019ལོའི་བྱ་བ་ཡོངས་འགྲུབ་དང་ཨུ་ཡོན་གྱི་འགན་སྒྲུབ་གནས་ཚུལ་ཁྱབ་བསྒྲགས་བྱས་པ་མ་ཟད། 2020ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཏུའུ་ཅེ་ཡིས་བསྟན་དོན། 2020ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཡིན་པས། ཨུ་ཡོན་ལྷན་ཁང་གི་ད་ལོའི་འགན་སྒྲུབ་བྱ་བ་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། སྔ་མོ་ནས་འཆར་འགོད་དང་ཞིབ་འཇུག་གཏིང་ཟབ་བྱེད་པ། དུས་ཚོད་ཀྱི་རེའུ་མིག་དང་ལམ་ཐིག་པར་རིས་གཏན་འབེབས་བཟང་བོ་བྱེད་པ། གྲོས་མོལ་སྲིད་གླེང་ལ་རྩ་འཛུགས་བཟང་བོ་བྱེད་པ་དང་རྟོག་ཞིབ་བྱ་འགུལ་བཟང་བོར་སྤེལ་དགོས། སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཡུལ་དངོས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རང་འགན་བྱ་བའི་བཟང་བོར་བསྒྲུབ་ནས། རྟོག་ཞིབ་དང་ལྟ་ཞིབ་སོགས་འགན་སྒྲུབ་བྱ་འགུལ་ལ་ཞུགས་དགོས་ཟེར།

ཏུའུ་ཅེ་ཡིས་ནན་གྱིས་བསྟན་དོན། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ངོ་བོ་དང་གནས་ཐིག་གཏན་ཁེལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། རིགས་ལྔའི་ཨུ་ཡོན་ལྷན་ཁང་འཛུགས་སྐྲུན་བྱས་ཏེ། ཧུར་ཐག་གིས་འགན་སྒྲུབ་བྱ་བའི་རྣམ་པ་གསར་བ་སྐྲུན་དགོས། གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ནན་མོ་བྱས་ནས། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པའི་གྲུབ་འབྲས་དེ་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློ་ཆབ་སྲིད་རྨང་གཞི་རུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། གཉིས་ནས་རང་འགུལ་གྱིས་བྱ་བ་དེ་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ཁྲོད་བཞག་སྟེ་འཆར་འགོད་བྱས་ནས། ཧུར་ཐག་གིས་བྱ་བའི་ཚད་གཞི་མཐོན་པོ་དང་འགན་སྒྲུབ་ཕན་འབྲས་ལ་བརྟེན་ནས་ཨུ་ཡོན་ལྷན་ཁང་གི་རང་མདངས་མངོན་པར་བྱེད་དགོས། གསུམ་ནས་གསར་སྐྲུན་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་། སྟེགས་བུ་འཛུགས་པའི་བྱ་བ་བཟང་བོར་བསྒྲུབ་ནས། འགན་སྒྲུབ་ཕན་ནུས་མཐོར་འདེགས་གཏོང་དགོས། བཞི་ནས་ཕྱོགས་གཉིས་ཤུགས་འདོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་སྲིད་གྲོས་བྱ་བའི་ཐད་ཀྱི་མཛུབ་སྟོན་ལ་ཤུགས་སྣོན་དགོས། ལྔ་ནས་ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ་དང་། རང་རྟོགས་སྒོས་རྩ་ཁྲིམས་བཅའ་ཁྲིམས་དང་སྲིད་གྲོས་ཀྱི་སྒྲིག་ལམ་བརྩི་སྲུང་བྱེད་པ། ཟམ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། འགན་སྒྲུབ་ནུས་པ་ཁྱོན་ཡོངས་ནས་ཇེ་དྲག་ཏུ་གཏོང་དགོས་ཟེར།