ལིག་ཉིང་གིས་ལུགས་རྙིང་ལོ་སར་སྔོན་ལ་རིགས་སོ་སོའི་ཁྱབ་ཁོངས་ཀྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་བྱས།
2020.01.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གཞི་རིམ་ཏུ་སོང་ནས། ཏང་ཡོན་རྒན་པ་དང་དཀའ་ངལ་ཆེ་བའི་ཏང་ཡོན་མང་ཚོགས། གཞི་རིམ་ལས་བྱེད་པ། མཚོ་སྔོན་དུ་སྡོད་པའི་དམག་དཔུང་གི་དཔོན་དམག མེ་གསོད་རོགས་སྐྱོབ་བཀོད་འདོམས་པ། ཆེད་མཁས་པ་དང་མཁས་དབང་། སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་གྱི་འཐུས་ཚབ་མི་སྣ། ཁེ་ལས་ཀྱི་ལས་རྐང་སྟེང་གི་ལས་བཟོ་བ་བཅས་ལ་འཚམས་འདྲི་བྱས་ཏེ། ཁོ་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་ཁོལ་ཚོར་དུ་བཅུག་པར་མ་ཟད། གཞི་རིམ་ལས་བྱེད་པ་དེ་གད་ག་ལ་དཔྱིད་ལུགས་ལོ་སར་གྱི་ཁ་གཡང་དྲོན་མོ་བོས།

མཱ་ཅི་ཞའོ་དང་ཉེའོ་ཁྲིན་ཡོན། ཝང་ལིས་མེན་བཅས་སོ་སོར་གོང་གསལ་བྱ་འགུལ་ལ་ཞུགས།