ལི་ཀྲན་ཧྲུའུ་ཡིས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་ཐད་ནས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁ་ཤས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན།
2020.01.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 136

ཟླ་དང་པོའི་ཚེས་ཉི་ཤུའི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིན་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་ཐད་ནས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁ་ཤས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན།


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚེས་ཉི་ཤུའི་ཉིན་པེ་ཅིན་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་ཐད་ནས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁ་ཤས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན།

བཞུགས་མོལ་ཚོགས་འདུའི་སྟེང་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལི་ཝེ་དང་ཧྥིན་ལི་ཕེན། ཆིན་ཧྥེས་སོགས་ཀྱིས་འགན་ནུས་ལག་ལེན་དང་ཟུང་འབྲེལ་བྱས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་བཟོ་བཅོས་བྱས་ཏེ་འཐུས་ཚང་དུ་གཏོང་བ་དང་། དམངས་ཆེན་བྱ་བའི་བཅོས་བསྒྱུར་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་དགོས་པའི་སྐོར་ནས་བསམ་འཆར་དང་གྲོས་གཞི་བཏོན།  ལི་ཀྲན་ཧྲུའུ་ཡིས་ཉན་ཞོར་དང་ཟིན་བྲིས་འབྲི་ཞོར་དུ་ཁོ་ཚོ་དང་མཉམ་དུ་བརྗེ་རེས་གླེང་མོལ་ཡང་ཡང་བྱས། འཐུས་མི་རྣམས་ཀྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་པའི་ལོ་གཅིག་རིང་གི་བྱ་བར་གདེང་འཇོག་ཚད་མཐོན་པོ་བྱས་པར་མ་ཟད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཡོངས་སུ་འཐད་པ་ཡིན་ཞེས་བསྟན། ཚང་མས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཡང་དག་པའི་སྒོ་ནས་དངོས་འབེབ་བྱེད་པ། མི་དམངས་ཀྱིས་སེམས་ཁུར་བྱེད་པའི་དོན་དག་སྣ་ཚོགས་ཧུར་ཐག་གི་སྒོ་ནས་མངོན་མཚོན་བྱས་ཏེ། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ་དང་། ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི། ཕྱི་ཕྱོགས་བརྗེ་རེས། རང་སྟེང་གི་འཛུགས་སྐྲུན་སོགས་བྱ་བ་སྣ་ཚོགས་ཀྱི་ཐད་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་བླངས་ཟེར།

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་གྲུབ་འབྲས་ཐོབ་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་འགོ་ཁྲིད་འོག་ཏུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཚན་རིག་ལྟར་མཛུབ་སྟོན་བྱས་པས་ཡིན་ལ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས་རྒྱབ་སྐྱོར་ཆེན་པོ་དང་ཧུར་ཐག་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཁྲོད་ཞུགས་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་རེད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚང་མས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ནན་ཏན་གྱིས་ཞིབ་འཇུག་བྱེད་པ་དང་ཧར་ཐག་གིས་དང་ལེན་བྱས་ཏེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་སྔར་ལས་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་བཅོས་བསྒྱུར་འཕེལ་རྒྱས་སུ་གཏོང་བར་ཧུར་བརྩོན་བྱེད་འདོད་ཡོད་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་བཞུགས་མོལ་ཚོགས་འདུར་ཞུགས།