རྒྱལ་ཡོངས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་རྒྱལ་ཡོངས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་དཔེ་ལེགས་ཅན་དང་རྒྱ་ཆེའི་དཔོན་དམག གཟིགས་སྐྱོང་བྱེད་ཡུལ་བཅས་ལ་འཚམས་འདྲིའི་ཡི་གེ་བསྐུར།
2020.01.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ལུགས་རྙིང་ལོ་སར་ཐོན་ལ་ཡོད་པའི་སྐབས་སུ། རྒྱལ་ཡོངས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བའི་འགོ་ཁྲིད་ཚན་ཆུང་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ་བཅས་ཀྱིས་རྒྱལ་ཡོངས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་དཔེ་ལེགས་ཅན་དང་རྒྱ་ཆེའི་དཔོན་དམག གཟིགས་སྐྱོང་བྱེད་ཡུལ་བཅས་ལ་འཚམས་འདྲིའི་ཡི་གེ་བསྐུར་ཏེ་དུས་ཆེན་གྱི་འཚམས་འདྲི་ཞུས།

འཚམས་འདྲིའི་ཡི་གེ་ནང་བསྟན་དོན། འདས་པའི་ཉིས་སྟོང་བཅུ་དགུ་ལོར་རྒྱལ་ཡོངས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བའི་ལམ་ལུགས་རྐྱེན་སྲོལ་ལ་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་ཤིང་། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་དཔེ་ལེགས་ཅན་གྱི་དཔྱད་འཇོག་ཚད་གཞིའི་བཟོ་བཅོས་ལག་བསྟར་བྱས་པ་དང་། སྐབས་དང་པོའི་གསར་སྐྲུན་བྱ་འགུལ་བཀོད་སྒྲིག་བྱས་པ། རྒྱ་ཆེའི་དཔོན་དམག་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ལ་ཕན་པའི་སྲིད་ཇུས་གཏན་ལ་ཕབ་པས།  སྤྱི་ཚོགས་ཡོངས་སུ་མི་དམངས་ལ་གཅེས་པ་དང་རང་རེའི་དམག་དཔུང་ལ་གཅེས་པའི་ཚ་རླབས་ཤིག་འཕྱུར་བར་སྐུལ་འདེད་བཏང་།

འཚམས་འདྲིའི་ཡི་གེ་ནང་བསྟན་དོན། ཉིས་སྟོང་ཉི་ཤུ་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཡིན་པས། ས་གནས་སོ་སོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། སེམས་ཤུགས་གཅིག་སྒྲིལ་སྒོས་ལས་དོན་སྣ་ཚོགས་གོང་འཕེལ་དུ་གཏོང་བ་དང་། དཀའ་ཁག་ལ་ཐུག་ཚེ་སྔར་ལས་མདུན་སྐྱོད་བྱེད་དགོས་ལ། དུས་རབས་གསར་བའི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བཏང་ནས། རླབས་ཆེན་མེས་རྒྱལ་དང་མི་དམངས་དམག་དཔུང་འཛུགས་སྐྲུན་ཆེན་པོ་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།