ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་གྲོས་ཚོགས་བསྡུས།
2020.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་དང་པོའི་ཚེས་ཉེར་གཉིས་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཐད་གནང་པའི་མཛུབ་སྟོན་གལ་ཆེན་དང་། ཙུང་ལི་ལིས་ཁུ་ཆང་གིས་གནང་པའི་མཆན་བཀོད་མཛུབ་སྟོན་དང་། ཙུང་ལི་ལིས་ཁི་ཆང་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཡོང་པའི་སྐབས་ཀྱི་རེ་བ་གལ་ཆེན། དེ་མིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་དགོངས་དོན་སོགས་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས།

གྲོས་ཚོགས་ལས་བསྟན་དོན། ལོ་སར་གྱི་དུས་སྐབས་དང་བསྟུན་ནས། ནད་རིགས་སྔོན་འགོག་གི་བྱ་བའི་འགྲན་རྩོད་གསར་པ་ལ་ཁ་གཏད་འཇལ་དགོས། སྤྱི་ཁྱབ་ཧྲུའི་ཅི་ཞི་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཐད་ཀྱི་གལ་ཆེ་བའི་མཛུབ་སྟོན་དང་། ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་དེར་སློབ་སྦྱོང་གཏིང་ཟབ་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། མི་དམངས་ལ་ཚད་མཐོ་བའི་འགན་འཁུར་གྱི་རྣམ་འགྱུར་བཟུང་ནས། ཕྱོགས་སོ་སོའི་རིམས་ནད་སྔོན་འགོག་གི་བྱ་བ་དེ་དུས་ཐོག་ཏུ་སྒྲུབ་པ་དང་། འཐུས་ཚང་དང་ཕན་ཡོད་སྒོས་སྒྲུབ་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཙུང་ལི་ལིས་ཁི་ཆང་གིས་གྲང་ངར་གདོང་གིས་བསུས་ཏེ་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཕེབས་ནས། འཕེལ་རྒྱས་ཀྱི་གནས་བབ་གླེང་ཞིང་། དམངས་ཚིས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད་དྲོད་ཁོལ་བསྐྱལ་ལ། མཚོ་སྔོན་གྱི་བྱ་བའི་ཐད་རེ་བ་གསལ་བོ་བཏོན་པ་དེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་གྱི་བྱ་བར་ཚད་མཐོ་བའི་གདེང་འཇོག་དང་། མཚོ་སྔོན་གྱི་མི་དམངས་ལ་སྙིང་ཉེ་བའི་སེམས་འཁུར་བྱེད་པའི་མཚོན་ཚུལ་རེད་ལ།དེ་ཡིས་ང་ཚོར་ཧུར་ཐག་གིས་སྐུལ་ལྕགས་ཐེངས་ཤིག་ཀྱང་བྱས་པ་རེད། ཙུང་ལི་ལིས་ཁི་ཆང་གི་རེ་བ་གལ་ཆེན་དེ་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད་གཏན་འབེབ་བྱས་པའི་དམིགས་ཚད་ལས་འགན་དང་དམ་དུ་སྦྲེལ་ནས། དུས་ཚིགས་དང་པོའི་ཉིན་བརྒྱའི་འཁྲེགས་གཏོར་གྱི་ཆེད་དོན་འགུལ་བསྐྱོད་དང་ཟུང་འབྲེལ་བྱས་ཏེ། ཞིབ་ཚགས་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པ་དང་། མཐིལ་ཕྱིན་དམ་འཛིན་གྱི་སྒོ་ནས་དོན་འཁྱོལ་བྱས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོའི་བྱ་བ་བཟང་པོར་སྒྲུབ་དགོས་ཟེར།

གྲོས་ཚོགས་ལས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས།

ཏང་ཙུའུ་ཁོངས་མི་ཡན་ཅིན་ཧེ་དང་། ཝང་ལིས་མིན། དབྱང་ཧྥུན་ཁྲུན། ཐེན་ཅིན་ཁྲུན། ཀྲང་ལིས། ཀྲང་ཧོང་ཡོན་བཅས་གྲོས་ཚོགས་སུ་ཞུགས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཟུར་ཞུགས་བྱས།