མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དྲུག་པ་ཟི་ལིང་ནས་བསྡུས།
2020.02.14 ཁུངས། ཀློག་གྲངས། 109

ཟླ་2པའི་ཚེས་13ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བཀོད་འདོམས་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དྲུག་པ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་འགན་ནུས་སྡེ་ཁག་གི་འགན་འཁུར་བ་དང་སྨན་བཅོས་མཆེད་མཁས་པ་གདན་དྲངས་ནས“ཉེ་དུས་རང་ཞིང་གི་ནད་པ་སྐྱོབ་བཅོས་དང་སྨན་བཅོས་མི་སྣར་གསོ་སྦྱོང་བྱས་ཚུལ་དང་། རང་ཞིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ཁྲོད་ཀྱི་ལས་འགོ་བསྐྱར་འཛུགས་དང་མ་དངུལ་འགན་ལེན་གྱི་གནས་ཚུལ”སྐོར་ནས་སྤྱི་དམངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ཀྱི་འབྲེལ་ཡོད་བྱ་བར་སེམས་ཁུར་དང་དོ་སྣང་བྱེད་པར་ཚུར་སྣང་བྱས།  ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་དྲིལ་སྒྲོག་ཚན་ཆུང་གི་ཚན་གཙོ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ཀྲི་མིང་གིས་ཚོགས་འདུར་འགོ་འཛིན་བྱས།

སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲིག་ཆི་ལུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་སྨན་བཅོས་སྲོག་སྐྱོབ་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ཧྲིག་ཆི་ལུའུ་ཡིས་མིག་སྔའི་བར་ཞིང་ཆེན་ཡོངས་སུ་བསྡོམས་རྩིས་བྱས་ན་ཏོག་གསར་གློ་ཚད་ཀྱི་ནད་དཔེ་18གཏན་འཁེལ་བྱས་པའི་ནང་ཟི་ལིང་གྲོང་ཁྱེར་དུ་ནད་པ་15དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ནད་པ་3ཡོད་པ་རེད། ཟླ་2པའི་ཚེས་12ཉིན་གྱི་ཆུ་ཚོད་24བར་བསྡོམས་རྩིས་བྱས་ན་ནད་དྲག་བསྐྱེད་བྱུང་སྟེ་སྨན་ཁང་ནས་བུད་པའི་ནད་པ་9ཡོད་པ་དང་། ད་རུང་ནད་པ་9སྨན་ཁང་ན་བསྡད་ཡོད་པ་རེད། ད་ལྟ་སྨན་ཁང་གི་ནད་དཔེ་9ཡི་ནང་ཞིང་ཆེན་མི་དམངས་སྨན་ཁང་བཞི་པར་ནད་དཔེ་8ཡོད་པ་དང་། དེའི་ནང་ནད་གཞི་ཡང་བ་1དང་། ནད་གཞི་དཀྱུས་མ་4 ནད་གཞི་ལྕི་མོའི་རིགས་1 ཉེན་ཁ་ཆེ་བའི་རིགས་2བཅས་ཡོད། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པར་ནད་པ་གཅིག་ཡོད་པ་ནི་ཡང་བའི་རིགས་ཡིན། ཟླ་2པའི་ཚེས་6ཉིན་ནས་ཚེས་12ཉིན་བར་རང་རེའི་ཞིང་ཆེན་དུ་བསྟུད་མར་ཉིན་7གྱི་རིང་གསར་དུ་འཕར་བའི་ནད་པ་དང་དོགས་ཡོད་ནད་པ་གཅིག་ཀྱང་མེད་པ་རེད། ཟླ་2པའི་ཚེས་13ཉིན་གྱི་ཕྱི་དྲོར། ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་རུ་ཡང་ནད་པ་གཉིས་ནད་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད། མཚོ་སྔོན་ཞིང་ཆེན་དུ་ནད་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་11ཡོད་པ་དང་། ནད་པ་7ལ་མུ་མཐུད་སྨན་བཅོས་བྱེད་བཞིན་ཡོད། ང་ཚོས་མུ་མཐུད་དུ་སྨན་ཁང་དུ་བསྡད་ཡོད་པའི་ནད་པར་དོ་ཁུར་བྱས་ཏེ་མཆེད་མཁས་པ་རྩ་འཛུགས་བྱས་ནས་ནུས་ཤུགས་ཡོད་རྒུས་སྨན་བཅོས་བྱ་རྒྱུ་ཡིན་ཟེར།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲིག་ཆི་ལུའུ།

    མཚོ་སྔོན་གྱི་ཡོན་ཏན་པ། ནན་ཏིང་ཀེའར་གྱི་གཟེངས་རྟགས་ཐོབ་མཁན། དགེ་རྒན་ཆེན་མོ་ཀྲའོ་ཧྲིན་ཞིག་གིས་མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ཀྱི་སྨན་བཅོས་སྲོག་སྐྱོབ་དང་སྔོན་འགོག་ཚོད་འཛིན། སྐྱོབ་བཅོས་ནུས་པ་གསོ་སྦྱོང་བྱས་ཚུལ་སྐོར་ནས་བརྡ་ཁྱབ་བཏང། ཀྲའོ་ཧྲིན་ཞིག་གིས་ཏོག་གསར་གློ་ཚད་ནི་ཁ་རིགས་ཀྱི་འགོ་ནད་ཅིག་ཡིན་པས་སྨན་བཅོས་མི་སྣའི་འགོག་སྲུང་བྱ་བ་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་དང་། ལྷག་པར་དུ་ཝུའུ་ཧན་དུ་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་བསྟུན་ནས་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་མི་སྣ་དུས་ཐོག་ཏུ་ཛ་དྲག་ངང་ཕྱིར་སྐྱོད་དགོས་པ་དང་། དུས་ཚོད་ཐུང་ལ་ལས་འགན་ལྕི་བའི་སྐབས་འདིར། སྔར་ལས་ཀྱང་སྔ་མོ་ནས་སྨན་བཅོས་མི་སྣའི་འགོག་སྲུང་ཐད་གྲ་སྒྲིག་ཡག་པོ་བྱེད་དགོས་པ་དང་། སྨན་བཅོས་མི་སྣར་སྲུང་སྐྱོབ་ཡག་པོ་བྱས་ཚེ་གཞི་ནས་ནད་པར་སྐྱོབ་བཅོས་ཀྱི་ནུས་པ་ལྡན་པས། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གིས་ཞིང་ཆེན་ཡོངས་སུ་སྨན་བཅོས་མི་སྣའི་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་ནུས་པའི་ཐད་ཀྱི་གསོ་སྦྱོང་སྤེལ་ཏེ་དངོས་འཐབ་ཅན་གྱི་བླང་བྱར་བརྟེན་ནས་ཚད་ལྡན་གྱི་གསོ་སྦྱོང་བྱས་པས། བྱེད་ཐབས་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་བྱ་བའི་མཛུབ་ཁྲིད་ཚན་ཆུང་28པ་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཆེད་མཁས་ཚོགས་པའི་ཚད་མཐོའི་ཁས་ལེན་ཐོབ་ཡོད། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས“མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ནུས་པའི་གསོ་སྦྱོང་རྟེན་གཞི”བཙུགས་པ་དང་། རྟེན་གཞི་དེ་ཞིང་ཆེན་མི་དམངས་སྨན་ཁང་དུ་བཙུགས་ནས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་འབྲེལ་ཡོད་མི་སྣ་དང་དགེ་རྒན་གསོ་སྦྱོང་གི་འགན་འཁུར་གྱིན་ཡོད་ཟེར།

མཚོ་སྔོན་གྱི་ཡོན་ཏན་པ། ནན་ཏིང་ཀེའར་གྱི་གཟེངས་རྟགས་ཐོབ་མཁན། དགེ་རྒན་ཆེན་མོ་ཀྲའོ་ཧྲིན་ཞིག

ཞིང་ཆེན་འཕེལ་སྒྱུར་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲི་རོས་མིང་གིས་སྒྲོག་སྤེལ་ཚོགས་འདུའི་སྟེང《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་འཇལ་བའི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ལས་གཞི་གལ་ཆེན་ལས་འགོ་བསྐྱར་ཚུགས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་བྱེད་ཐབས》ལ་འགྲེལ་བཤད་བྱས། ཧྲི་རོས་མིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཤིང་། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་དང་། ཕྱོགས་གཅིག་ནས“བརྟན་ལྷིང་དྲུག”གི་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་པར་དམ་འཛིན་བྱས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་སྲིད་གཞུང་ཞིབ་འཇུག་ཁང་བཅས་སྡེ་ཁག་བཞི་ཡིས《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་འཇལ་བའི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ལས་གཞི་གལ་ཆེན་ལས་འགོ་བསྐྱར་ཚུགས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་བྱེད་ཐབས》 ལ་ཞིབ་འཇུག་འཆར་ཟིན་བཀོད་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ་དང་། འཕར་སྣོན་བརྟན་པོ་དང་། སྔོན་དཔག་བརྟན་པོ། མཁོ་སྤྲོད་བརྟན་པོ་བཅས་ཡོང་བ་བྱེད་པ། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཚད་གཞི་དམའ་ཤོས་སུ་གཏོང་བ། དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་འདེགས་སྐྱོར་དང་འགན་ལེན་བྱེད་པ་བཅས་བྱས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་ཧུར་ཐག་བྱ་རྒྱུ་དེ་ཡིན་ཟེར།

ཞིང་ཆེན་འཕེལ་སྒྱུར་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲི་རོས་མིང་།

ཞིང་ཆེན་ཚོང་དོན་ཐིན་གྱི་ཐིན་ཀྲང་གཞོན་པ་ཧན་ཡུང་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་འཚོ་བའི་མཁོ་ཆས་འགན་ལེན་མཁོ་སྤྲོད་དང་ཚོང་དོན་འཁོར་རྒྱུག་ཁེ་ལས་ལས་གཉེར་བྱེད་འགོ་ཚུགས་པའི་གནས་ཚུལ་ཐད་ནས་བརྡ་ཁྱབ་བཏང་། ཧན་ཡུང་ཧྲིན་གྱིས་རིམས་ནད་ཐོན་པ་ནས་བཟུང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་གཞིར་བཟུང་ནས། ཞིང་ཆེན་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས་ཛ་དྲག་ངང་སྐུལ་སློང་དང་དུས་ཐོག་ཏུ་བྱ་སྤྱོད་སྤེལ་ནས་འཚོ་བའི་མཁོ་ཆས་ནུས་ལྡན་ངང་མཁོ་འདོན་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་དང་། ཟླ་1པའི་ཚེས་23ཉིན་ནས་བཟུང་འཚོ་བའི་མཁོ་ཆས་དང་འཕྲལ་བསྟུན་ཚོང་ཟོག་གི་ཉིན་རེའི་ལྟ་ཞིབ་ཚད་ལེན་བྱེད་འགོ་བཙུགས་ཏེ་ཉིན་ལྟར་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་ནན་པོ་བྱས་ཤིང་། འཚོ་བའི་མཁོ་ཆས་མཁོ་འདོན་འདང་ངེས་དང་། འཚོ་བའི་མཁོ་ཆས་གསོག་འཇོག་ནུས་ལྡན་བྱེད་པ། ཚོང་ལས་རྐང་འཛིན་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་པ། བཟའ་སྣུམ་མཁོ་སྤྲོད་འགན་ལེན་འདང་ངེས་བྱས་པས་ཁྲོམ་རའི་སྒྲིག་ལམ་སྤྱིའི་ཆ་ནས་ཡག་པོ་ཡོད་པ་རེད། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་འཚོ་བའི་མཁོ་ཆས་སྒོ་རྩིས་ཚོང་ཁང་ཆེ་འབྲིང་གི་ལས་སྒོ་གཉེར་ཚད་99%ལ་སླེབས་པ་དང་། སྔོ་ཚལ་ཁྲོམ་ར་གཉེར་འགོ་ཚུགས་ཚད་ཟི་ལིང་གྲོང་ཁྱེར་དུ 90% ལ་སླེབས་ཤིང་། ཞིང་ཆེན་ཡོངས་སུ 52%ལ་སླེབས། སྒོ་རྩིས་ཚོང་ཁང་དང་སྟབས་བདེའི་ཚོང་ཁང་གཉེར་འགོ་ཚུགས་ཚད་ཟི་ལིང་གྲོང་ཁྱེར་དུ་90%དང་ཞིང་ཆེན་ཡོངས་སུ་18%ལ་སླེབས་ཡོད། ཁེ་ལས་ཀྱི་ཚོང་བདག་རིམ་བཞིན་མཚོ་སྔོན་དུ་ལོག་པ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་སྒོ་རྩིས་ཚོང་ཁང་ཆུང་གྲས་དང་སྟབས་བདེའི་ཚོང་ཁང་གི་ལས་གཉེར་བྱེད་ཚད་རིམ་བཞིན་ཇེ་མང་དུ་འགྲོ་ངེས་རེད་ཟེར། ཧན་ཡུང་ཧྲིན་གྱིས་གོམ་སྟབས་རྗེས་མར་ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག་ཚོང་དོན་ཁེ་ལས་བསྐྱར་དུ་ལས་འགོ་འཛུགས་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་རྩ་འཛུགས་བྱས་ཏེ་ལས་རིགས་ཀྱི་ཁྱབ་ཁོངས་རིམ་བཞིན་ཆེ་རུ་གཏོང་རྒྱུ་དང་། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པ་དང་། ཚོང་དོན་ཁེ་ལས་ཀྱི་གནད་སྨིན་ཞབས་ཞུར་ཤུགས་སྣོན་བརྒྱག་རྒྱུ་ཡིན་ཟེར།

ཞིང་ཆེན་ཚོང་དོན་ཐིན་གྱི་ཐིན་ཀྲང་གཞོན་པ་ཧན་ཡུང་ཧྲིན།

ཞིང་ཆེན་ནོར་སྲིད་ཐིན་གྱི་ཐིན་ཀྲང་གཞོན་པ་རོང་ཙིན་ཡན་གྱིས་རང་ཞིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་ཁྲོད་ཀྱི་མ་དངུལ་འགན་ལེན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་གནས་ཚུལ་ཐད་ནས་བརྡ་ཁྱབ་བཏང་། རོང་ཙིན་ཡན་གྱིས་རིམས་ནད་ཐོན་པའི་ཚུན་དུ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ཞིང་། ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་འདོམས་འོག་མགྱོགས་མྱུར་སྒོས་བྱ་སྤྱོད་སྤེལ་བ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་མ་དངུལ་དང་སྲིད་ཇུས་འགན་ལེན་ཐད་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལ་ནོར་ཤུགས་ཀྱི་འགན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། སྲིད་ཇུས་དང་བྱེད་ཐབས་འདི་དག་འབྲེལ་ཡོད་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་མ་དངུལ་བསྡུ་རུབ་ཀྱི་མ་གནས་སྔར་བས་ཇེ་དམའ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། རིམས་འགོག་དངོས་ཟོག་དང་སྨན་རྫས་ཐོན་རྫས་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་དཀའ་ངལ་དུས་ལས་བརྒལ་བར་རོགས་རམ་བྱེད་པ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ཐོན་ཁུངས་ནུས་ལྡན་ངང་སྐོང་འཐེན་བྱེད་ཐུབ་རྒྱུ་རེད། གོམ་སྟབས་རྗེས་མར་ཞིང་ཆེན་ནོར་སྲིད་ཀྱིས་རིམས་ནད་འཕེལ་ཕྱོགས་དང་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་གཞིར་བཟུང་ནས། འགྲོ་གྲོན་འགན་ལེན་བྱ་བ་མུ་མཐུད་དུ་ཡག་པོར་བསྒྲུབ་པ་དང་མ་དངུལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་འདེགས་སྐྱོར་དེ་བས་ལེགས་པོ་མཁོ་འདོན་བྱ་རྒྱུ་ཡིན་ཟེར།

ཞིང་ཆེན་ནོར་སྲིད་ཐིན་གྱི་ཐིན་ཀྲང་གཞོན་པ་རོང་ཙིན་ཡན།