སུན་ཁྲུན་ལན་གྱིས་ཁྲིད་པའི་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་འགོག་བཅོས་བྱ་བར་མཛུབ་སྟོན་དང་བཀོད་སྒྲིག་བྱས།
2020.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཁྲིད་དེ་ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་འགོག་བཅོས་བཀོད་འདོམས་པུའུ་ལ་སོང་སྟེ་རིམས་ནད་བྱུང་བའི་ཚུན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། ཀྲུང་དབྱང་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཐབས་ཇུས་སོ་སོ་དངོས་འབེབས་བྱས་པ་དང་། ཝུའུ་ཧན་གྱི་རིམས་ནད་འགོག་རྒོལ་དང་ཧུའུ་པེ་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པར་བཀོད་སྒྲིག་བྱས།

སུན་ཁྲུན་ལན་གྱིས་བཤད་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་འགོ་ཁྲིད་འོག  ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཧུར་ཐག་སྒོས་འབད་བརྩོན་བྱས་འོག ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་འགོག་བཅོས་ཐད་ནས་ཕན་འབྲས་བཟང་བོ་ཐོབ། ཡིན་ནའང་རིམས་ནད་འགོག་བཅོས་གནས་བབ་སྔར་བཞིན་ཛ་དྲག་ཆེ། ཧུའུ་པེ་དང་ཝུའུ་ཧན་ནི་རྒྱལ་ཡོངས་ཀྱི་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པའི་ས་ཁུལ་གཙོ་བོ་ཡིན་པས། བློ་ཐག་རྦད་ཆོད་སྒོས་ནད་པ་བསྡུ་ལེན་བྱེད་དགོས་པ་མྱུར་དུ་བསྡུ་ལེན་བྱེད་པ་དང་། སྔ་མོ་བཞིའི་རེ་བ་དངོས་འབེབས་བཟང་བོ་བྱས་ནས་མགོ་ཁོངས་ཚོད་འཛིན་བྱེད་པ་དང་རིམས་ནད་འགོ་བའི་ཐབས་ལམ་གཏན་འགོག་བྱེད་དགོས་ཟེར།