ཀྲང་ཞི་མེན་གྱིས་མཚོ་བྱང་ཁུལ་གྱི་ཏོག་གསར་གློ་ཚད་ཀྱི་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བར་རྟོག་ཞིབ་བྱས།
2020.02.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། རྫོང་རིམ་པའི་མཉམ་འདྲེས་སྨྱན་བྱད་ལྟེ་གནས་དང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱིས་མང་ཚོགས་ལ་སྣེ་ཁྲིད་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུས་ནས། ཕྱོགས་གཉིས་དམ་འཛིན་དང་འཐུས་ཤོར་མི་གཏོང་བ་གཉིས་ལག་བསྟར་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་ཟེར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་བྱང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མས་མཉམ་དུ་རྟོག་ཞིབ་བྱས།

རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་སུ། ཀྲང་ཞི་མེན་གྱིས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་ཁ་གཏད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གཉིས་དམ་འཛིན་དང་འཐུས་ཤོར་མི་གཏོང་བ་གཉིས་ཀྱི་དྲིལ་སྒྲོག་སྣེ་ཁྲིད་ཀྱི་གནས་ཚུལ་ཐད་ནས་ངོ་སྤྲོད་བྱས་པ་མ་ཟད། ཡུལ་དངོས་ཀྱི་གསར་འགོད་པ་དང་རྩོམ་སྒྲིག་པར་ཁ་པར་གྱི་ལམ་ནས་འབྲེལ་གཏུག་བྱས། ཧེ་ཡན་རྫོང་ཟུར་གསུམ་མཁར་གཞིས་ཁུལ་དུ། ཁོས་གཞིས་ཁུལ་གྱི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ས་ཚིགས་ཀྱིས་དང་བླངས་པའི་ཞབས་ཞུ་དཔུང་སྡེ་ལ་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲ་མིག་གཞི་རིམ་དུ་རྒྱུན་བསྲིང་བ་དང་ཡོངས་ཁེབས་བྱེད་པའི་བྱེད་ཐབས་ལ་རྒྱུས་ལོན་གསལ་བོ་བྱས།

ཀྲང་ཞི་མེན་གྱིས་མཚོ་བྱང་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལག་བསྟར་བྱས་ཏེ། རང་ས་གནས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་ལྟེ་གནས་གཉིས་བེད་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་དང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པའི་རེ་བ་ལྟར། གསར་འགྱུར་དྲིལ་སྒྲོག་དང་གླེང་ཕྱོགས་ཀྱི་སྣེ་ཁྲིད་བྱ་བ་བཟང་བོར་བསྒྲུབ་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གི་དྲིལ་སྒྲོག་འགྲེལ་ཀློག་བྱ་བ་བཟང་བོར་བསྒྲུབ་པ། ལྟེ་གནས་གཉིས་ནི་གཞི་རིམ་བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་ཀྱིས་མང་ཚོགས་ལ་སྣེ་ཁྲིད་དང་ཞབས་འདེགས་ཞུ་བའི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་ཡིན་པས།  ཕྱོགས་གཉིས་དམ་འཛིན་དང་འཐུས་ཤོར་མི་གཏོང་བ་གཉིས་ལག་བསྟར་བྱས་པའི་ཐད་ཀྱི་ཉམས་མྱོང་དང་བྱེད་ཐབས་བཟང་བོ་སྔོག་འདོན་བྱེད་པ་དང་། རིམས་ནད་འགོག་རྒོལ་ཐད་ཀྱི་མི་སེམས་འགུལ་བའི་ལག་རྗེས་དང་ཉེ་འགྲམ་དོན་བཟང་དྲིལ་སྒྲོག་རྒྱ་ཆེར་བྱེད་པ། སེམས་ཤུགས་གཅིག་སྒྲིལ་དང་དཀའ་ངལ་ཁྱད་སེལ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་ཀྱི་རྒྱལ་ཁ་བླངས་ནས། ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པ་དང་། ཏང་དང་མི་དམངས་ལ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་སྤྲོད་དགོས་ཟེར།