ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་བརྙན་རིས་གྲོས་ཚོགས་བསྡུས་ཏེ་ཝུའུ་ཧན་ལས་གཞན་པའི་གྲོང་ཁྱེར་དང་ཁུལ་གྱི་ནད་པ་མྱུར་སྐྱོབ་བྱ་བར་ཤུགས་སྣོན་པར་ལྟ་སྐུལ་མཛུབ་སྟོན་བྱས།
2020.02.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་བའི་བྱ་བའི་བཀོད་སྒྲིག་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་དང་རེ་བ་དངོས་འབེབས་བྱེད་ཆེད། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་བརྙན་རིས་གྲོས་ཚོགས་བསྡུས་ཏེ་ཝུའུ་ཧན་ལས་གཞན་པའི་གྲོང་ཁྱེར་དང་ཁུལ་གྱི་ནད་པ་མྱུར་སྐྱོབ་བྱ་བར་ཤུགས་སྣོན་པར་ལྟ་སྐུལ་མཛུབ་སྟོན་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཧུའུ་པེ་ཞིང་ཆེན་གྱི་ཞའོ་ཀན་དང་ཧོང་ཀང་། ཅིན་ཀྲིག་སོགས་གྲོང་ཁྱེར་དང་ཁུལ་གྱི་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་མ་ཟད། གྲོང་ཁྱེར་དང་ཁུལ་སོ་སོའི་ནད་པ་མྱུར་སྐྱོབ་བྱ་བའི་འཕེལ་རིམ་དང་དཀའ་ཁག་ལ་རྒྱུས་ལོན་ཟབ་མོ་བྱས། སུན་ཁྲུན་ལན་གྱི་བཤད་རྒྱུར། དེང་སྐབས་ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ཐོག་མའི་གྲུབ་འབྲས་ཐོབ་ནའང་སྤྱིའི་གནས་བབ་སྔར་བཞིན་ཛ་དྲག་ཆེ་བ་དང་། ནད་པ་བསྡུ་དགོས་པ་ཅིས་ཀྱང་བསྡུ་ལེན་བྱས་པའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་མྱུར་སྐྱོབ་བྱ་བ་དེ་དེང་སྐབས་ཀྱི་ལས་འགན་གཙོ་བོ་ཡིན་ཟེར།