ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེན་ཁའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།
2020.02.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེན་ཁའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

བསམ་འཆར་ལས་བསྟན་དོན། བདེ་འཇགས་ཉེན་ཁའི་དོ་དམ་ཚོད་འཛིན་ནུས་པ་ཇེ་ཆེར་གཏོང་སྐབས་བདེ་འཇགས་ཉེན་ཁར་ཞིབ་བཤེར་བྱེད་པ་དང་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ། ཚད་གཞི་ཚད་ལྡན་དུ་གཏོང་དགོས། འབྲེལ་མཐུད་བྱས་པའི་བདེ་འཇགས་དོ་དམ་ནུས་པ་ཇེ་ཆེར་གཏོང་སྐབས་བདེ་འཇགས་བྱ་བར་ཤུགས་སྣོན་པ་དང་ལྷུ་ཚིགས་གཙོ་བོའི་བདེ་འཇགས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ། བེད་མེད་ཉེན་པའི་རྫས་འགྱུར་དངོས་རྫས་སོགས་ཀྱི་ཉེན་ཁའི་བེད་མེད་དངོས་རྫས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དགོས། ཁེ་ལས་ཀྱི་གཙོ་གཞིའི་འགན་འཁྲིའི་དངོས་འབེབས་བྱ་བ་དམ་འཛིན་བྱེད་སྐབས་ཁྲིམས་སྐྱོང་བྱེད་ཐབས་ལ་ཤུགས་སྣོན་པ་དང་ཁ་དན་ཚིག་ལ་མི་གནས་པར་ཚོད་འཛིན་བྱེད་པ། སྐུལ་འདེད་བྱེད་ཐབས་ནུས་པ་ཇེ་ཆེར་གཏོང་དགོས། རྨང་གཞིའི་འདེགས་ཤུགས་འགན་སྲུང་ནུས་པ་ཇེ་ཆེར་གཏོང་སྐབས་ཚན་རྩལ་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་ཆེད་ལས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་ཤུགས་སྣོན་པ། ལག་རྩལ་ཞབས་ཞུའི་རོགས་ལས་རྐྱེན་སྲོལ་ཚད་ལྡན་དུ་གཏོང་བ། ཉེན་ཁའི་རྫས་འགྱུར་དངོས་རྫས་རོགས་སྐྱོར་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། བདེ་འཇགས་ལྟ་སྐུལ་དོ་དམ་ནུས་པ་ཇེ་ཆེར་གཏོང་སྐབས་ལྟ་སྐུལ་དོ་དམ་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ཁྲིམས་སྐྱོང་མ་ལག་ཆ་ཚང་དུ་གཏོང་བ། ལྟ་སྐུལ་དོ་དམ་ཕན་ནུས་མཐོར་འདེགས་སུ་གཏོང་དགོས་ཟེར།