ཡན་ཅིན་ཧའེ་ཡིས་དཔའ་ལུང་རྫོང་དང་ཞོན་ཧྭ་རྫོང་གི་བྱ་བར་རྟོག་ཞིབ་བྱས།
2020.02.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དང་ཞོན་ཧྭ་རྫོང་ཟ་ལར་རིགས་རང་སྐྱོང་རྫོང་དུ་སོང་ནས་དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་དང་དབུལ་སྐྱོར་འཁོར་ཁང་གི་ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པ་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས།

དཔའ་ལུང་རྫོང་ཡར་ག་གྲོང་རྡལ་དུ། ཡན་ཅིན་ཧའེ་ཡིས་ལུད་རྒྱག་རྨ་འདེབས་བྱེད་བཞིན་པའི་མང་ཚོགས་དང་ཁ་བརྡ་བྱས་པ་དང་། སོན་བཟང་བདམས་གསོ་དང་ལུད་རྫས་བཀོལ་སྤྱོད། ཕྱི་རུ་ཞོར་ལས་ལ་འགྲོ་བ། ནོར་ལུག་གསོ་སྤེལ། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཕྱོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བསྟན་དོན། དཔྱིད་ཀའི་རྨོ་འདེབས་ནི་མིག་སྔའི་ཞིང་ལས་ཞིང་སྡེ་བྱ་བའི་དོན་ཆེན་ཡིན་པས། མང་ཚོགས་ཀྱི་བརྩོན་སེམས་ཆེར་སྐྱེད་པ་དང་ས་ཞིང་ཐོན་ཁུངས་མཉམ་བསྲེས་བྱེད་པ། འདེབས་འཛུགས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། ཁྱད་ཆོས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཡོང་སྒོ་འཕར་སྣོན་གྱི་ལམ་བུ་རྒྱ་སྐྱེད་དེ། ཁྲག་བཟོ་ནུས་པ་མཐོར་འདེགས་གཏོང་དགོས། དེའི་རྗེས། ཡན་ཅིན་ཧའེ་དབུལ་སྐྱོར་འཁོར་ཁང་དང་གསོ་སྤེལ་རྟེན་གཞི་རུ་སོང་ནས། ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱས་པ་མ་ཟད། ཡུལ་དངོས་ནས་ཁེ་ལས་ཁ་ཤས་ལ་ངེས་པར་མཁོ་བའི་དཀའ་ཁག་དངོས་མཐུན་སྦྱོར་ཐག་གཅོད་བྱས། ཁོས་ནན་གྱིས་བསྟན་དོན། རིགས་གསར་ཚོང་གཉེར་གཙོ་གཞི་དང་དབུལ་སྐྱོར་འཁོར་ཁང་གིས་དབུལ་སྐྱོར་མཁྲེགས་གཏོར་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པས། རིམས་ནད་ཀྱི་གནོད་པ་ཁྱད་སེལ་བྱེད་པ་དང་། བྱེད་ཐབས་གང་མང་སྤྱད་དེ་ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པ། དབུལ་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཉེ་འགྲམ་ནས་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་བ། རང་འགུལ་གྱིས་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱས་ནས། མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་བྱེད་པར་སྣེ་ཁྲིད་བྱེད་དགོས་ཟེར།