མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་དང་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཁ་གཏད་སྡེ་ཁག་གི་མཉམ་འབྲེལ་གྲོས་ཚོགས་བསྡུས།
2020.03.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་དང་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཁ་གཏད་སྡེ་ཁག་གི་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས། ན་ནིང་གི་བྱ་བ་གཙོ་བོའི་གནས་ཚུལ་དང2020ལོའི་བྱ་བ་གཙོ་བོའི་བཀོད་སྒྲིག་ཁྱབ་བསྒྲགས་བྱས་པ་དང་། མཉམ་དུ་འབྲེལ་ཡོད་ལས་འགན་སྔར་ལས་ལག་བསྟར་བཟང་བོ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནས་བརྗེ་རེས་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཀའོ་ཧྭ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ལོ་སྟོད་དུ་གློ་བུར་དུ་བྱུང་བའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱིས་ང་ཚོའི་བྱ་བ་སྣ་ཚོགས་ཐད་གནོད་པ་ཆེན་པོ་བཟོས་པ་དང་། དུས་ཚོད་བྲེལ་མྱུར་ཆེ་བ་དང་ལས་འགན་ལྕི་བའི་གནས་ཚུལ་དངོས་ལ་དམིགས་ནས། ཆེད་དོན་ཨུ་ཡོན་ལྷན་ཁང་དང་ཁ་གཏད་སྡེ་ཁག་གིས་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་བ་དང་། མཉམ་དུ་དཀའ་ངལ་ཁྱད་སེལ་བྱས་ནས། བརྗེ་རེས་ལ་ཤུགས་སྣོན་པའི་ཁྲོད་ཕན་ཚུན་རྒྱུས་ལོན་བྱས་པ་དང་། མཐུན་སྦྱོར་གཞོགས་འདེགས་ཁྲོད་ཡིད་ཆེས་ཇེ་བརྟན་དུ་བཏང་ལ། ཕན་ཚུན་རྒྱབ་སྐྱོར་ཁྲོད་མཉམ་ཤུགས་གྲུབ་པར་བྱས་ཏེ། མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན་དང་སྤྱི་ཚོགས་འཛུགས་སྐྲུན་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་བཏང་། ཁྲིམས་སྐྱོང་བསམ་བློ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཐུན་དགོས་མཁོ་དང་དམངས་ཚིས་བདེ་སྐྱིད་སོགས་ཁྱབ་ཁོངས་དང་འབྲེལ་བའི་ཁྲིམས་འཛུགས་དང་ལྟ་སྐུལ་བྱ་བར་ཤུགས་བསྣན་ནས། བཅའ་ཁྲིམས་དང་ལམ་ལུགས་དགེ་མཚན་དེ་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་དགོས། བྱ་བའི་ཕན་འབྲས་ལ་དོ་སྣང་བྱེད་པ་དང་། མིག་སྔར་མཚོ་སྔོན་ཞིང་ཆེན་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་དང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་དུས་རིམ་སླེབས་ཡོད་པས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལྟར། སེམས་ཤུགས་གཅིག་ཏུ་བསྒྲིལ་བ་དང་། མཐུན་སྒྲིལ་འབད་འཐབ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དམ་འཛིན་བྱེད་པ་ནང་བཞིན་བྱ་བ་སྣ་ཚོགས་ལག་བསྟར་བྱེད་པར་དམ་འཛིན་བྱེད་པ། དུས་ཚོད་དམ་འཛིན་བྱས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།