ཞི་ཅིན་ཕིང་གིས་དུས་བཅད་ལྟར་དབྱི་ཐ་ལའི་ཙུང་ལི་ཁུན་ཐི་དང་ཁ་པར་བཏང་།
2020.03.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་དབྱི་ཐ་ལའི་ཙུང་ལི་ཁུན་ཐི་དང་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། དབྱི་ཐ་ལི་སྲིད་གཞུང་གིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཐད་ལ་བྱེད་ཐབས་རབ་དང་རིམ་པ་སྤྱད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། དབྱི་ཐ་ལི་ཕྱོགས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་དང་བདེ་ཐང་དར་གོས་ཚོང་ལམ་གསར་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད། ཐེངས་འདིར་ལག་རྡང་སྦྲེལ་ཏེ་རིམས་ནད་འགོག་སྲུང་བྱས་པ་བརྒྱུད། རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་བཤེས་ཇེ་ཟབ་ཏུ་འགྲོ་བ་དང་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་འགྲོ་ཐུབ་པར་ཡིད་ཆེད་ཡོད་ཟེར།

ཁུན་ཐི་ཡིས་བཤད་རྒྱུར། ཀྲུང་གོ་སྲིད་གཞུང་གིས་ནུས་ལྡན་བྱེད་ཐབས་སྤྱད་དེ་རིམས་ནད་ཚོད་འཛིན་གང་ལེགས་བྱས་པ་དེས་དབྱི་ཐ་ལི་སོགས་རྒྱལ་ཁབ་མང་པོར་སྐུལ་མ་ཆེན་པོ་ཐེབས། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་དཀའ་ཁག་དང་འཕྲད་པའི་དུས་སྐབས་སུ་རྒྱབ་སྐྱོར་དང་རོགས་སྐྱོར་ཆེན་པོ་གནང་བར་བཀའ་དྲིན་ཆེ་ཞུ་བ་དང་། དེ་ལས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་གསལ་བོར་མཚོན་ཡོད། རིམས་ནད་ལས་རྣམ་པར་རྒྱལ་རྗེས། དབྱི་ཐ་ལི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་སྲ་བརྟན་དུ་འགྲོ་ངེས་ཡིན་ཟེར།