ལིག་ཉིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས །
2020.03.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན།    ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི།   ཧྲིན་ཀྲང་ལིག་ཉིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ནས་ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ལ་ཁ་གཏད་འཇལ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།    ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཟབ་ནན་གྱིས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་།  ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ལ་ཁ་གཏད་འཇལ་བའི་མགོ་ཁྲིད་ཚན་ཆུང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར་རིམས་ནད་ཀྱི་འགྱུར་ལྡོག་གསར་པ་གཞིར་བཟུང་ནས་ལས་ཐོན་སླར་གསོའི་ཁྲོད་ཀྱི་འགོག་བཅོས་བྱེད་ཐབས་ལེགས་སྒྱུར་བྱེད་དགོས་པ་དང་།   རིམས་ནད་ཁུལ་ཁོངས་བརྒལ་ཏེ་ནང་དུ་མཆེད་པར་སྔོན་འགོག་ནན་མོ་བྱས་ཏེ་ཁྱོན་ཡོངས་ནས་ལས་ཐོན་སླར་གསོ་བྱེད་པ་དང་ལས་གནས་སྟེང་ཕྱིར་ལོག་ནས་ལས་ཞུགས་བྱེད་པ།   སློབ་གྲྭ་ཆུང་འབྲིང་གི་སློབ་མགོ་རྩོམ་པ་སོགས་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་བ་དང་།   སློབ་གྲྭ་གཅིག་ལ་བྱེད་ཐབས་གཅིག་ལག་བསྟར་བྱས་ཏེ་མཐོ་རིམ་སློབ་གྲྭའི་སློབ་མགོ་རྩོམ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མགྱོགས་མྱུར་གྱིས་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   ཐོག་མཐའ་བར་གསུམ་ཀུན་ཏུ་དམངས་ཚིས་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས་མུ་མཐུད་དུ་རིགས་བཅུ་དང་དོན་ཚན་ཞེ་གཅིག་གི་དམངས་ཚིས་དོན་དངོས་བཟོ་སྐྲུན་ལག་བསྟར་བཟང་བོ་བྱེད་དགོས་པ་དང་།    མང་ཚོགས་ཀྱིས་ཆེས་དོ་ཁུར་དང་ཆེས་སེམས་ཁུར་བྱེད་པའི་དོན་དག་བཟང་བོར་བསྒྲུབ་དགོས།  དབུར་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན ་དུ་གཏོང་བར་དམིགས་ནས་རིམས་ནད་ཀྱིས་དབུར་ཐར་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཐད་བཟོས་པའི་ཤུགས་རྐྱེན་ལ་རྒྱུས་ལོན་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་ནན་བསྒྲུབ་བྱེད་དགོས་པ་དང་།    རོགས་སྐྱོར་བྱེད་ཐབས་སྔར་ལས་ཞིབ་ཚགས་སུ་གཏོང་བ།   རིམས་ནད་ཀྱིས་བཟོས་པའི་དམངས་ཚིས་གནད་དོན་དང་འགལ་བ་སོ་སོ་ནུས་ཡོད་སྒོས་ཐག་གཅོད་ཡག་པོ་བཅས་བྱས་ཏེ་རིམས་ནད་ཀྱིས་དབུལ་ཐར་མཁྲེགས་གཏོར་ཐད་བཟོས་པའི་ཤུགས་རྐྱེན་ཚད་ཆེན་པོས་ཇེ་དམར་གཏོང་དགོས།  དཀའ་གནད་མང་ཚོགས་ལ་མཐིལ་རྟོལ་འགན་སྲུང་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས་མང་ཚོགས་ཀྱིས་གདོང་གཏོད་དགོས་པའི་ཐོལ་བྱུང་རང་བཞིན་དང་བྲེལ་མྱུར་རང་བཞིན།    གནས་སྐབས་རང་བཞིན་གྱི་འཚོ་བའི་དཀའ་གནད་ཐག་གཅོད་བཟང་བོ་བྱེད་དགོས།   ལོ་མགོར་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་སོ་སོ་སྔར་ལས་ལེགས་སྒྲིག་བྱེད་པ་དང་།   བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་བྱ་བ་གཅིག་གྱུར་དམ་འཛིན་བྱས་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་།    དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་ལས་འགན་གལ་ཆེན་དག་སྟོབས་ཤུགས་ཡོད་རྒུས་ཡོངས་འགྲུབ་བྱེད་དགོས་ཟེར།

 ཏང་ཙུའུ་ཁོངས་མི་ཡན་ཅིན་ཧེ།  དབྱང་ཧྥུན་ཁྲུན།   ཝང་ཀྲིན་ཧྲིན།   ཐེན་ཅིན་ཁྲིན།    ཀྲང་ལིས།   ལིག་ཐའོ།   ཀྲང་ཧོང་ཡོན་བཅས་གྲོས་ཚོགས་ལ་ཞུགས།

                                                                                                     ལྷ་མོ་ཚེ་རིང་གིས་བསྒྱུར།