མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས།
2020.03.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྤྱིར་བཏང་གི་སྔོན་འགོག་ཚོད་འཛིན་ཁུལ་ལེགས་སྒྲིག་དང་། སློབ་ཆུང་དང་དམིགས་བསལ་སློབ་གསོ་སློབ་གྲྭ་སློབ་འགོ་རྩོམ་པ། རིམས་ནད་ཀྱི་གནོད་པ་ཐེབས་པའི་དབུལ་ཕོངས་ངལ་རྩོལ་པའི་ལས་ཞུགས་དང་ཁྱིམ་ཚང་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ་ཡོང་སྒོར་འགན་སྲུང་བྱེད་པའི་སྲིད་ཇུས་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་པ། 2020ལོའི་སྐོར་ཐེངས་གཉིས་པའི་གསར་སྣོན་ས་གནས་ཀྱི་དངུལ་རྩའི་མ་དངུལ་བཀོད་སྒྲིག་སོགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱི་ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས་བྱེད་པ་དང་སྲིད་ཇུས་གནད་ལ་འཁེལ་བ་སྤྱོད་པ། ཁུལ་དང་རིམ་པ་བགོས་ནས་ཏོག་དབྱིབས་ནད་དུག་གསར་བའི་སྔོན་འགོག་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་པའི་མཛུབ་སྟོན་གྲོས་གཞིའི་དགོངས་དོན་ལྟར། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་འཇོག་བྱེད་པའི་རྨང་གཞིའི་སྟེང་། དུས་ཐོག་ཏུ་ཆ་རྐྱེན་ལྡན་པའི་རྫོང་དང་གྲོང་ཁྱེར། ཆུའུ་བཅས་བརྡ་ལེན་རིམ་པ་བཞི་བའི་སྤྱིར་བཏང་གི་སྔོན་འགོག་ཚོད་འཛིན་ཁུལ་དེ་རྒྱུན་ལྡན་གྱི་སྔོན་འགོག་ཚོད་འཛིན་ཁུལ་ཁྲོད་འཇོག་རྒྱུ་ནི། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོས་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོ་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་གསར་བ་དང་འགྱུར་ལྡོག་གསར་བ་ལྟར། གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག རིགས་བགར་ནས་མཛུབ་སྟོན་བྱེད་པ། གནད་ཕིགས་སྲིད་སྤྱོད་ཀྱི་སྔོན་འགོག་ཚོད་འཛིན་ཇུས་ཆོད་རྒྱུན་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་རིག་རང་བཞིན་དང་གནད་ཕིགས་རང་བཞིན། ཁ་གཏད་རང་བཞིན་སྔར་ལས་མཐོར་འདེགས་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱེད་པ། རྒྱུན་ལྡན་གྱི་སྒྲིག་ལམ་སླར་གསོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཟླ་གསུམ་པའི་ཚེས་དགུ་ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་དག་ཁུལ་དང་རིམ་པ་བགར་བ་དང་དུས་ཚོད་བསྣོལ་ནས་གོ་རིམ་ལྡན་པའི་སྒོ་ནས་སློབ་འགོ་བརྩམས་པ་དང་། མིག་སྔར། མཐོ་འབྲིང་དུས་རིམ་གྱི་སློབ་གྲྭ་ཧ་ལམ་སློབ་འགོ་བརྩམས་པ་དང་། དམའ་འབྲིང་སློབ་གྲྭ་དག་ཀྱང་སློབ་འགོ་རྩོམ་བཞིན་པའི་སྒང་ཡིན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་འགོ་རྩོམ་པ་དང་བདེ་འཇགས་ངང་སློབ་ཁྲིད་བྱེད་པར་རྩ་འཛུགས་བྱེད་རྒྱུ་དེ་མིག་སྔའི་བྱ་བ་གལ་ཆེན་དུ་བརྩི་བ་དང་། སྔོན་དུས་ཀྱི་བྱ་བའི་རྨང་གཞིའི་སྟེང་། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་འཇོག་དང་དབྱེ་ཞིབ་བྱེད་པ་དང་། བསམ་འཆར་བསྡུ་ལེན་བྱེད་པ། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་གནད་ལ་འཁེལ་བ་སྤྱོད་པ། ཁོངས་གཏོགས་ས་ཆ་དང་སྡེ་ཁག སློབ་གྲྭ དགེ་རྒན། ཁྱིམ་བདག་བཅས་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། འགོག་སྲུང་དངོས་རྫས་དང་སྨན་བཅོས་འཕྲོད་བསྟེན་སྟོབས་ཤུགས། འགྲིམ་འགྲུལ་ཁྲིམས་འཛིན་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ། སློབ་གྲྭ་དང་སྲིད་གཞུང་སྡེ་ཁག སློབ་མའི་ཁྱིམ་བདག སློབ་གྲྭའི་མཐའ་འཁོར་བཅས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ། སློབ་ཆུང་དང་དམིགས་བསལ་སློབ་གསོ་སློབ་གྲྭ་འགོ་རྩོམ་པའི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། སློབ་འགོ་རྩོམ་པའི་བྱ་བའི་ཐད་ནས་ནོར་འཛོལ་གཅིག་ཀྱང་མེད་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་བཀོད་སྒྲིག་ལྟར། དངུལ་འཛིན་བཀོལ་སྤྱོད་དོ་དམ་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། མ་དངུལ་བཀོལ་སྤྱོད་ཀྱི་ཁ་ཕྱོགས་རྒྱུས་ལོན་ཡང་དག་བྱེད་པ། ལས་གཞི་གཙོ་བོའི་མ་དངུལ་དགོས་མཁོ་ལ་འགན་སྲུང་བྱས་ནས། མ་དངུལ་གྱི་ཕན་འབྲས་འདོན་སྤེལ་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

གྲོས་ཚོགས་དེ་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་འབྲེལ་ཡོད་གྲོས་དོན་ཁྲོད་ཞུགས།

རིན་ཆེན་མཚོས་བསྒྱུར།