མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དབུལ་ཐར་མཁྲེགས་གཏོར་གྱི་ལྟ་སྐུལ་འགན་ལེན་དང་ནག་འཇོམས་ངན་སེལ་གྱི“རུལ་སུངས་ལ་ཆད་པ་གཅོད་པ་དང་འགེབ་སྲུང་མཁན་ལ་རྡུང་རྡེག་ནན་མོ་གཏོང་བའི”ལས་དོན་སྐུལ་སྤེལ་གྲོས་ཚོགས་བསྡུས།
2020.03.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 321

ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དབུལ་ཐར་མཁྲེགས་གཏོར་གྱི་ལྟ་སྐུལ་འགན་ལེན་དང་ནག་འཇོམས་ངན་སེལ་གྱི“རུལ་སུངས་ལ་ཆད་པ་གཅོད་དང་འགེབ་སྲུང་མཁན་ལ་རྡུང་རྡེག་ཚ་ནན་་གཏོང་བའི”ལས་དོན་སྐུལ་སྤེལ་གྲོས་ཚོགས་བསྡུས་ཤིང་། ཞངི་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་ནན་གྱིས་བསྟན་དོན། ད་ལོ་ནི་དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་དང“རུལ་སུངས་ལ་ཆད་པ་གཅོད་པ་དང་འགེབས་སྲུང་མཁན་ལ་རྡུང་རྡེག་ནན་མོ་གཏོང་བའི”འཐབ་རྩོད་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པའི་ལོ་ཞིག་ཡིན་པས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་བརྟན་པ་དང་ལས་ཀའི་བྱེད་ཐབས་དེ་བས་ཆེ་བའི་ཐོག་ནས་རྒྱལ་ཁ་ཕུ་ཐག་གཅོད་པར་སྒྲིག་ཁྲིམས་ཀྱི་ལྟ་སྐུལ་འགན་ལེན་བརྟན་པོ་བྱེད་དགོས་ཟེར།

ཐིན་ཅཱ་ཚའེ་ཡིས་ནན་གྱིས་བསྟན་དོན། ཐག་གཅོད་དམག་འཐབ་ལོའི་བྱ་སྤྱོད་ཀྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས། ཆེད་དོན་བཅོས་སྒྲིག་གི་ཉམས་མྱོང་དང་བློ་སྒོ་ཟམ་མི་ཆད་པར་གསེད་བཀྲོལ་དང་ཕྱོགས་སྡོམ་བྱས་ཏེ། དེ་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩིས་ནས། དབྱེ་ཞིབ་བྱེད་པ་དང་ཞིབ་བསྡུར་ཡང་ཡང་བྱེད་པ། ཆེད་དོན་ལས་གཞི་ལས་བརྒལ་བ་སོགས་ཀྱི་ཟུར་ཚད་མི་འདྲ་བའི་ཐོག་ནས་ཕྱོགས་སྡོམ་ནན་ཏན་བྱས་ཏེ། ལྟ་སྐུལ་འགན་ལེན་ལག་བསྟར་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།