མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་བསྡུས།
2020.03.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་བཀོད་སྒྲིག་གྲོས་ཚོགས་ཀྱི་ཀྲུང་གུང་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་མི་དམངས་སྲིད་གྲོས་ཀྱི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་གྲོས་གཞི་སོགས་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཨུ་ཡོན་ལྷན་ཁང་གི2020ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཏུའུ་ཏི་ཀྲི་ཡིས་ནན་གྱིས་བསྟན་དོན། གཞུང་ལུགས་སློབ་སྦྱོང་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། ཆབ་སྲིད་ཀྱི་གདེང་ཚོད་ནུས་པ་དང་བརྟག་བཤེར་ཞིབ་འཇུག་ཆུ་ཚད་མཐོར་འདེགས་གཏོང་བ། སྲིད་གྲོས་ལ་རྒྱུས་ལོན་བྱེད་པ་དང་གྲོས་མོལ་བྱེད་ཤེས་པ། སྲིད་གླེང་ལ་མཁས་པ། སྒྲིག་ལམ་བརྩི་སྲུང་བྱེད་པ། ཀུན་སྤྱོད་ལ་དོ་སྣང་བྱེད་པ་བཅས་བྱེད་དགོས། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་གི་འདོད་བློ་དང་ལམ་ཕྱོགས། བྱེད་ཕྱོགས་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་བྱ་བ་སྣ་ཚོགས་ཁྲོད་འདྲེས་པར་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་བྱ་བའི་ཁྲོད་ལག་བསྟར་བྱས་ཏེ། ཨུ་ཡོན་ལྷན་ཁང་གི་བྱ་བ་སྣ་ཚོགས་ཏང་ཨུ་དང་སྲིད་གཞུང་གི་ལས་འགན་གཙོ་བོ་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་བཀོད་སྒྲིག་རེ་བར་དམ་དུ་དམིགས་པར་ཁག་ཐེག་བྱེད་དགོས། ལོ་ཧྲིལ་བོའི་བྱ་བ་གཙོ་བོའི་དམིགས་འབེན་ལྟར། སྔ་མོ་ནས་འཆར་འགོད་བྱེད་པ་དང་རྟོག་ཞིབ་ནན་མོ་བྱེད་པ། ཞིང་ཆེན་སྲིད་གྲོས་ཀྱི་སྲིད་ཞུགས་སྲིད་གླེང་ཤེས་ལྡན་མི་སྣའི་ཆེད་མཁས་པའི་རིག་སྟོབས་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། སྤུས་ཚད་མཐོ་བའི་རྟོག་ཞིབ་སྙན་ཞུ་གྲུབ་པར་བྱས་ནས། བློ་འདོན་ཇུས་འབུལ་བཟང་བོ་བྱེད་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།