ལིས་ཅེ་ཞང་གིས་འགོ་མཛིན་བྱས་ནས་ལས་ཐོན་སླར་གསོ་ལ་དམིགས་ནས་དུས་ཚིགས་དང་པོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པའི་བྱ་བའི་བཀོད་གཏོང་གྲོས་ཚོགས་བསྡུས།
2020.03.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན།   མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་འགོ་མཛིན་བྱས་ཏེ་ལས་ཐོན་སླར་གསོ་ལ་དམིགས་ནས་དུས་ཚིགས་དང་པོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པའི་བྱ་བའི་བཀོད་གཏོང་གྲོས་ཚོགས་བསྡུས་ཏེ་ནན་གྱིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ་དང་།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་ལག་བསྟར་གཏིང་ཟབ་བྱེད་པ།   རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དུས་རིམ་རང་བཞིན་གྱི་འགྱུར་ལྡོག་ལ་རྒྱུས་ལོན་ཡང་དག་བྱེད་པ།   སྲིད་ཇུས་གནད་ལ་འཁེལ་བ་སྤྱོད་པ་དང་ཞན་ཆ་ཁ་གསབ་བྱས་ཏེ།   དུས་ཚིགས་དང་པོའི་དཔལ་འབྱོར་དམིགས་ཚད་སྣ་ཚོགས་ཡོངས་འགྲུབ་བྱེད་པའི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།

ལིས་ཅེ་ཞང་གིས་བསྟན་དོན། ལས་ཐོན་སླར་གསོ་ཁྱོན་ཡོངས་སྤེལ་བར་དམིགས་ནས་དུས་ཚིགས་དང་པོའི་བྱ་བར་དམ་འཛིན་བྱེད་རྒྱུ་ནི།   རིམས་ནད་ཀྱི་གནོད་པ་ལ་ཁ་གཏད་འཇལ་བ་དང་།   ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པའི་རྨང་གཞི་གལ་ཆེན་ཡིན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ཀླད་པར་དྲག་ཆས་སྤྲས་པར་རྒྱུན་འཁྱོངས་བྱེད་པ་དང་།   བསམ་བློ་འགུལ་སྐྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས།   གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་པ།   གོ་སྐབས་དམ་འཛིན་བྱེད་པ་དང་བྱེད་ཐབས་བཟང་བོ་སྤྱོད་པ། དོན་དངོས་བསྒྲུབ་ནས།   སྟོབས་ཤུགས་ཡོད་རྒུས་དམིགས་འབེན་ལས་འགན་སྣ་ཚོགས་ལག་བསྟར་བྱེད་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།